作词 : 道梅•喜日嘎
作曲 : 智王桑珠
གངས་རི་དང་མཚོ་མོ།
ཚིག/མདོ་སྨད་ཧེ་རུ་ཀ།
དབྱངས/གྲུ་བ་བསམ་འགྲུབ།
གཞས་མ/ཚེ་རིང་སྒྲོལ་མ།
གངས་དཀར་སེམས་ངོགས་ཀྱི་དྲན་པ་དེ་སུ་ཡིན།
རྒྱང་རིང་གི་མི།
ལས་དབང་གི་ཁྱོད།
གཙང་ཆུ་དལ་འབབ་གྱི་རི་ལུང།
འཛུམ་ཆུང་ཉི་མ་ལ་དཀྲོལ་བའི།
ཆུང་འདྲིས་གཡུ་སྦྲང་གི་གཤོག་པ།།
གཤོག་པ་འགྱུར་ཁུགས་ཡིན།
ཡ་རེ།
ཡ་རེ་ལ་མོ།
ཡ་རེ།
ཡ་རེ་ལ་མོ།
འདར་འདར་སྣང་བ་དེ་ཡག་པ།
སྐྱིད་སྐྱིད་སེམས་པ་འདི་དྲོ་བ།
ཡ་རེ།
ཡ་རེ་ལ་མོ།
ཡ་རེ།
ཡ་རེ་ལ་མོ།
འདར་འདར་སྣང་བ་དེ་ཡག་པ།
སྐྱིད་སྐྱིད་སེམས་པ་འདི་དྲོ་བ།
འདར་འདར་སྣང་བ་དེ་ཡག་པ།
སྐྱིད་སྐྱིད་སེམས་པ་འདི་དྲོ་བ།
མཚོ་མོ་མེ་ལོང་གི་རྒྱབ་གཟུགས་དེ་གང་ཡིན།
བརྩེ་དུང་གི་མི།
ཡིད་དབང་གི་ཁྱོད།
རླུང་བུ་བསིལ་བསིལ་གྱི་རི་གྲོང།
ཞལ་རས་ཟླ་གཞོན་གྱི་སྙིང་གྲོགས།
མཛའ་མཐུན་ཆུ་ངོས་ཀྱི་རི་མོ།།
རི་མོ་དྲན་ཤིང་ཡིན།
ཡ་རེ།
ཡ་རེ་ལ་མོ།
ཡ་རེ།
ཡ་རེ་ལ་མོ།
འཁྱུག་འཁྱུག་འགུལ་རིས་དེ་ཡག་པ།
ཡོམ་ཡོམ་དྲན་སྣང་འདི་སྐྱིད་པ།
ཡ་རེ།
ཡ་རེ་ལ་མོ།
ཡ་རེ།
ཡ་རེ་ལ་མོ།
འཁྱུག་འཁྱུག་འགུལ་རིས་དེ་ཡག་པ།
ཡོམ་ཡོམ་དྲན་སྣང་འདི་སྐྱིད་པ།
འཁྱུག་འཁྱུག་འགུལ་རིས་དེ་ཡག་པ།
ཡོམ་ཡོམ་དྲན་སྣང་འདི་སྐྱིད་པ།