作词 : 巴桑贡嘎
作曲 : 巴桑贡嘎
ཨ་མ།
ཚིག་ པ་སངས་ཀུན་དགའ།
གདངས་ པ་སངས་ཀུན་དགའ།
རོལ་དབྱངས་སྒྲིག་བཟོ་ པ་སངས་ཀུན་དགའ།
གཞས་བཏང་མཁན་ པ་སངས་ཀུན་དགའ།
ད་བར་དུ་བུ་མོ་ག་ཚོད་དང་དགའ་བྱས་སྨྱོ་གྲབས་བྱས་ནའི་འདྲ།
ད་བར་དུ་རོགས་པའི་ལ་རྒྱ་དེ་ཡག་པོ་ག་ཚོད་ཡོད་ནའི་འདྲ།
ད་བར་དུ་ངའི་དྲིན་ཆེན་ཁྱེད་ལ།
ལྷོད་གཡེང་ཤོར་ཤག།
ཕྱིས་བལྟས་ཤིག་སློག་ནས་བལྟ་དུས།
ཨ་མ་ཁྱེད་རང་རྒས་ཤག།
བུ་ང་ཁྱེད་རང་རྒས་བ་མཐོང་འདོད་མི་འདུག།
བུ་ང་ཁྱེད་རང་ལ་དྲིན་ལན་འཇལ་རྒྱུ་མ་བྱུང་།
ཚེ་དེར་ཆད་པའི་བཀའ་དྲིན།
ཕྱི་མར་རྟ་སོགས་སེམས་ཅན་བྱས་ཀྱང་།
ཨ་མ་ཁྱེད་ཀྱི་སྐུ་དྲིན་གསོལ་ཆོག་
ཆུང་སྦར་མོ་གང་ནས།
ད་བར་དུ།
ཡོད་ཚད་བུ་ཕྲུག་ལ་གནང་མཁན།
ཨ་ཙི་གནམ་འོག་ཕ་མའི་སེམས་པ།
ད་བར་དུ་བཟའ་ཚང་འདུ་ཤེས་ཡག་པོ་ག་ཚོད་ཡོད་ནའི་འདྲ།
ད་བར་དུ་རང་ཉིད་ཀྱི་བུ་ཕྲུག་ལ་བརྩི་པོ་ཡོད་ནའི་འདྲ།
ད་བར་དུ་ཉལ་ཁྲག་རྩའི་ནང་ལ་རྒྱུགས་པའི་ཁྲག་དེ།
ཨ་མ་ཁྱེད་རང་གི་ཁྲག་ཡིན་པ་ལྷོད་གཡེང་ཤོར་ཤག།
ཚེ་འདིར་ཆད་པའི་བཀའ་དྲིན།
ཕྱི་མར་རྟ་སོགས་སེམས་ཅན་བྱས་ཀྱང་།
ཨ་མ་ཁྱེད་ཀྱི་སྐུ་དྲིན་གསོལ་ཆོག།
ཆུང་སྦར་མོ་གང་ནས་ད་བར་དུ།
ཡོད་ཚད་བུ་ཕྲུག་ལ་གནང་མཁན།
ཨ་ཙི་གནམ་འོག་ཕ་མའི་སེམས་པ།
འོ་ ཨ་མ་ལགས།
ཨ་མ་ལགས།
ཨ་མ།
་བར་དུ་ངའི་ཁྲག་རྩའི་ནང་ལ་རྒྱུགས་པའི་ཁྲག་དེ།
ཨ་མ་ཁྱེད་རང་གི་ཁྲག་ཡིན་པ་ལྷོད་གཡེང་ཤོར་ཤག།