编曲 : 边巴顿珠
ནོར་བུ་མ།
ཚིག་གདངས་ རྭ་སྒྲེང་སྐལ་བཟང་།
ལེན་མཁན་ སྤེན་པ་དོན་གྲུབ།
སྟོན་ཁའི་ཟླ་བ་འདྲ་བའི་ཞལ་ཡག་མ།
དབྱར་དྲུག་མེ་ཏོག་ལྟ་བུའི་སྐྱེས་ཡག་མ།
ལུག་མོའི་བལ་ཁ་འདྲ་བའི་གཤིས་འཇམ་མ།
བདག་གི་སེམས་ལ་ལྷུང་བའི་འབྲོག་ཕྲུག་མ།
གཡང་དཀར་ལུག་ཁྱུ་དེད་ནས། །
ཡ་གིའི་རི་ལ་ཤོག་དང་། །
བརྩེ་བའི་སྙིང་གཏམ་བཤད་ཞོར། །
ལུག་ཁྱུ་མཉམ་དུ་འཚོ་ཆོག །
དཔྱིད་ཀྱི་ཁུ་བྱུག་འདྲ་བའི་སྐད་སྙན་མ།
ཙན་དན་ལྗོན་པ་ལྟ་བུའི་དྲི་ལྡན་མ།
དགུན་གསུམ་ཁ་བ་ལྟ་བུའི་སེམས་དཀར་མ།
བདག་གི་སེམས་ལ་འཁྲུངས་པའི་ནོར་བུ་མ།
རྒྱབ་ཏུ་ཆུ་ཟོ་ཁུར་ནས། །
ཆུ་བོའི་འགྲམ་དུ་ཤོག་དང་། །
འདང་ཆེན་བྱུ་རུའི་ཕྲེང་བ། །
དགའ་བའི་མཚོན་རྟགས་ཕུལ་ཆོག།
དཔྱིད་ཀྱི་ཁུ་བྱུག་འདྲ་བའི་སྐད་སྙན་མ།
ཙན་དན་ལྗོན་པ་ལྟ་བུའི་དྲི་ལྡན་མ།
དགུན་གསུམ་ཁ་བ་ལྟ་བུའི་སེམས་དཀར་མ།
བདག་གི་སེམས་ལ་འཁྲུངས་པའི་ནོར་བུ་མ།
རྒྱབ་ཏུ་ཆུ་ཟོ་ཁུར་ནས། །
ཆུ་བོའི་འགྲམ་དུ་ཤོག་དང་། །
འདང་ཆེན་བྱུ་རུའི་ཕྲེང་བ། །
དགའ་བའི་མཚོན་རྟགས་ཕུལ་ཆོག།
རྒྱབ་ཏུ་ཆུ་ཟོ་ཁུར་ནས། །
ཆུ་བོའི་འགྲམ་དུ་ཤོག་དང་། །
འདང་ཆེན་བྱུ་རུའི་ཕྲེང་བ། །
དགའ་བའི་མཚོན་རྟགས་ཕུལ་ཆོག།