作词 : 多扎西
编曲 : 多扎西
ལག་རྟགས།
ཚིག་སྒྲིག་སྒྱུར མདོ བཀྲ་ཤིས།
གཞས་གདངས གདུ་བྷེ།
གཞས་པ མདོ་བཀྲ་ཤིས།
ཡར་བལྟས་རྫ་རིའི་འདབས་ན།།
རྫ་བྱ་གོང་མོའི་སྐད་འགྱུར།།
ཅི་འདྲའི་ཡིད་དུ་འོང་བ།།
ཕ་མའི་རང་སྐད་གཙང་མ།།
ཅི་འདྲའི་ཡིད་དུ་འོང་བ།།
ཕ་མའི་རང་སྐད་གཙང་མ།།
མར་བལྟས་སྡེ་ཆེན་གྲོང་ན།།
བོད་ཕྲུག་ན་གཞོན་གཞོན་ནུ།།
འདྲེས་མའི་སྐད་རིགས་མང་པོ།།
དེ་ཙམ་སྙན་རྒྱུ་མི་འདུག།
འདྲེས་མའི་སྐད་རིགས་མང་པོ།།
དེ་ཙམ་སྙན་རྒྱུ་མི་འདུག།
ཕ་མེས་རང་སྐད་གཙང་མ།།
ང་དང་ཁྱོད་ཀྱི་ཟུང་ཁྲག།
ལྷད་མེད་ཕ་སྐད་གཙང་མ།།
ང་དང་ཁྱོད་ཀྱིས་སྐྱོང་དགོས།
ལྷད་མེད་ཕ་སྐད་གཙང་མ།།
ང་དང་ཁྱོད་ཀྱིས་སྐྱོང་དགོས།
ལྷད་མེད་ཕ་སྐད་གཙང་མ།།
ང་དང་ཁྱོད་ཀྱིས་སྐྱོང་དགོས།