作词 : 索南贡布
作曲 : 索南贡布
男:
དེ་རིང་བཀྲ་ཤིས་ལོ་གསར། བཀྲ་ཤིས་ལོ་གསར།
དྲིན་ཆེན་ཕ་མ་བཞུགས་ཡོད། བཀྲ་ཤིས་ལོ་གསར།
女:
དགའ་ཉེ་སྤུན་མཆེད་འཛོམས་ཡོད། བཀྲ་ཤིས་ལོ་གསར།
བཀྲ་ཤིས་ལོ་གསར་ཤར་སོང་། བཀྲ་ཤིས་ལོ་གསར།
合:
ཨོ་་་ཧོ་་་།
女:
འཛོམས་སོང་འཛོམས་སོང་།
男:
དགའ་སོང་དགའ་སོང་།
合:
དེ་རིང་བཀྲ་ཤིས་ལོ་གསར།
དགའ་སྐྱིད་དཔལ་ལ་རོལ་ཤོག།
男:
སྙན་པའི་གླུ་དབྱངས་ལེན་ཤོག། བཀྲ་ཤིས་ལོ་གསར།
སྐྱིད་པའི་བྲོ་གར་འཁྲབ་ཤོག། བཀྲ་ཤིས་ལོ་གསར།
女:
བདེ་སྐྱིད་འཚོ་བ་རོལ་ཤོག། བཀྲ་ཤིས་ལོ་གསར།
དགའ་དགའ་སྤྲོ་སྤྲོ་གནང་ཤོག། བཀྲ་ཤིས་ལོ་གསར།
合:
ཨོ་་་ཧོ་་་།
女:
དགའ་ཤོག་དགའ་ཤོག།
男:
སྤྲོ་ཤོག་སྤྲོ་ཤོག།
合:
དེ་རིང་བཀྲ་ཤིས་ལོ་གསར།
དགའ་སྐྱིད་དཔལ་ལ་རོལ་ཤོག།
说唱:
ཡག་ཡག།
དེ་རིང་བོད་ཀྱི་ལོ་སར་ཡག།
བཀྲ་ཤིས་ཉི་མ་བཟང་པོ།
དུས་ཚོད་བཟང་པོ། སྐར་མ་བཟང་པོ།
དོན་འགྲུབ་པའི་ཉི་མ་འདི་ལ་ང་ཚོ་གཞིས་ལ་འཛོམས་སོང་།
ཡ་་་སྙན་འཇེབ་གླ་དབྱངས་ངག་ལ་དྲངས་ནས།
མྱུར་མོ་བྲོ་ཡིས་དགའ་སྤྲོ་བསུས།
མཐོན་པོའི་སྒང་ལ་བསང་ཞིག་བཏང་ནས།
ཁ་ལས་རླུང་རྟ་དར་བར་ཤོག།
ཡ་་་དགའ་ཤོག་སྤྲོ་ཤོག་སྐྱིད་ཤོག།
བྱི་བའི་ལོ་གཡང་གཞིས་ལ་འཁོར་ནས།
ཁྱིམ་ཚང་འཆམ་མཐུན་ནད་མེད་ཚེ་རིང་གཡང་ལ་ཤོག།
ཁ་གཡང་རེ་འབོད་ལྷ་ལ་མཆོད་ནས།
བསམ་དོན་ཡིད་བཞིན་འགྲུབ་པ་དང་བྱ་བ་ལམ་འགྲོ།
ཡ་ཁོ་རེ་་་དུས་དང་རྣམ་པ་ཀུན་དུ་བཀྲ་ཤིས་བདེ་ལེགས་ཡོང་བར་ཤོག།
ཤོག་ཤོག། བཀྲ་ཤིས་བདེ་ལེགས་ཤོག།
合:
ཁ་བའི་ལྗོངས་ཀྱི་སྤུན་ཟླ། བཀྲ་ཤིས་ལོ་གསར།
ཁ་ལས་རླུང་རྟ་དར་བའི། བཀྲ་ཤིས་ལོ་གསར།
བྱ་བ་ལམ་འགྲོ་ཡོང་བའི། བཀྲ་ཤིས་ལོ་གསར།
སྙིང་ནས་སྨོན་འདུན་ཞུ་ཡོད། བཀྲ་ཤིས་ལོ་གསར།
ཨོ་་་ཧོ་་་།
女:
དགའ་ཤོག་དགའ་ཤོག།
男:
སྤྲོ་ཤོག་སྤྲོ་ཤོག།
合:
དེ་རིང་བཀྲ་ཤིས་ལོ་གསར།
དགའ་སྐྱིད་དཔལ་ལ་རོལ་ཤོག།
ཨོ་་་ཧོ་་་།
女:
དགའ་ཤོག་དགའ་ཤོག།
男:
སྤྲོ་ཤོག་སྤྲོ་ཤོག།
合:
དེ་རིང་བཀྲ་ཤིས་ལོ་གསར།
དགའ་སྐྱིད་དཔལ་ལ་རོལ་ཤོག།
དེ་རིང་བཀྲ་ཤིས་ལོ་གསར།
དགའ་སྐྱིད་དཔལ་ལ་རོལ་ཤོག།