作词 : 无
作曲 : 无
[ ཕ་ས་སྨུག་པོ།]
གླུ་ཚིག ཉི་མ་དོན་འགྲུབ།
དབྱངས། བཀྲ་ཤིས་རབ་རྟེན།
སྒྲ་འཇུག མྱང་ཚང་པན་ཆེན།
བསྒྲིག་སྦྱོར། རོའོ་ལེའུ།
གནམ་སྐས་རྫ་རི་སྨུག་པོ།།
ཨ་རིགས་ཨ་མདོའི་ཡུལ་ལྷ།།
ཐང་དཀར་གཤོག་ཟུང་རྐྱང་འདྲ།།
ཤོག་བརྒྱད་ཨ་མདོའི་ཕ་མཁར།།
སྤང་ལྗོངས་གཡུ་ལོའི་ཚལ་ན།།
དཀར་དམར་མེ་ཏོག་མཛེས་བྱུང་།།
ཕྱུག་རིགས་རྟ་ནོར་ལུག་གསུམ།།
བྱང་འབྲོག་རྩྭ་ཐང་རྒྱན་རེད།།
ས་གཞི་གཡང་གི་ར་བ།།
རབ་མཛེས་གང་ལྗོངས་ཕྱུག་མོ།།
རབ་དཀར་ས་འཛིན་དཀར་པོ།།
ཡུལ་ལྗོངས་འདི་ཡི་རྒྱན་རེད།།