作词 : 尼玛次仁
作曲 : 德吉
མེ་ཏོག་དང་པོ་མ་བཞད་དང་པོ་བཞད།
一朵花儿盛开季,
མེ་ཏོག་དང་པོ་གངས་རིའི་སྟེང་ལ་བཞད།
开在雪山之巅处,
གངས་རིའི་སྟེང་ལ་གངས་ལྷ་མེ་ཏོག་བཞད།
这朵应是雪莲花,
ཡུལ་ལུང་ལྟ་ན་སྡུག་པ་དེ་ནས་བྱུང་།
美了雪山洁白脸。
མེ་ཏོག་གཉིས་པ་མ་བཞད་གཉིས་པ་བཞད།
二朵花儿盛开季,
མེ་ཏོག་གཉིས་པ་བར་ལའི་ལྡེབས་ལ་བཞད།
开在故乡山腰间,
བར་ལའི་ལྡེབས་ལ་སྟག་མའི་མེ་ཏོག་བཞད།
这朵应是杜鹃花,
ཤེས་རིག་དཔལ་ཡོན་དར་བ་དེ་ནས་བྱུང་།
美了故乡文明景。
མེ་ཏོག་གསུམ་པ་མ་བཞད་གསུམ་པ་བཞད།
三朵花儿盛开季,
མེ་ཏོག་གསུམ་པ་ཀོང་པོའི་ཡུལ་ལ་བཞད།
开在故乡田地间,
ཀོང་པོའི་ཡུལ་ལ་ཁམ་བུའི་མེ་ཏོག་བཞད།
这朵应是桃树花,
ཕྱོགས་བཞིའི་མགྲོན་པོ་འཛོམས་པ་དེ་ནས་བྱུང་།
美了醉美远方客。
མེ་ཏོག་བཞི་པ་མ་བཞད་བཞི་པ་བཞད།
四朵花儿盛开季,
མེ་ཏོག་བཞི་པ་རྩ་ཀོང་རོང་ལ་བཞད།
开在故乡坛城间,
རྩ་ཀོང་རོང་ལ་པད་མའི་མེ་ཏོག་བཞད།
这朵应是那莲花,
ཡུལ་ལ་མངའ་ཐང་རྒྱས་པ་དེ་ནས་བྱུང་།
美了富饶村寨处。
音乐宣传:谢旦贴吧工作室
总监制:周传峰 旦增桑珠
总导演:卓玛甲
统 筹:林芝市旅游局
音乐宣传:谢旦贴吧工作室