作词 : 坚参罗布/桑杰罗布
作曲 : 坚参罗布/桑杰罗布
ང་དཀའ་ལས་ཁག་གྱིས།
ཚིག་གདངས། རྒྱན་མཚན་ནོར་བུ། སངས་རྒྱས་ནོར་བུ།
གཞས་པ། རྒྱན་མཚན་ནོར་བུ།
ང་དངོས་གནས་དཀའ་ལས་ཁག་གྱིས།།
ངའི་ལྷད་མེད་བརྩེ་གདུང་དེ་ལ་ཡིད་ཆེས་ཀྱི་རིན་ཐང་མེད་དུས།།
ང་དངོས་གནས་དཀའ་ལས་ཁག་གྱིས།།
ང་དངོས་གནས་དཀའ་ལས་ཁག་གྱིས།།
ངས་དགའ་བའི་མི་དེ་མཉམ་དུ་བརྩེ་གདུང་གྱི་ལོངས་སྤྱོད་མེད་དུས།།
ང་དངོས་གནས་དཀའ་ལས་ཁག་གྱིས།།
ངའི་བདེ་སྐྱིད་འཇའ་ལྟར་ཡལ་སོང་།
ངའི་ལང་ཚོ་སེམས་སྡུག་གྱི་ཁེངས།།
ངས་དགའ་བའི་མི་དེ་མི་འདུག།།
ངའི་སྙིང་གཏམ་བཤད་འགྱུར་ལུས།།
ང་དགའ་བའི་མི་དེ་འགྲོ་དུས།།
ང་དངོས་གནས་དཀའ་ལས་ཁག་གྱིས།།
བོད་གཞས་གསན་པར་ཐུགས་རྗེ་ཆེ།
ང་དངོས་གནས་དཀའ་ལས་ཁག་གྱིས།།
ཆར་སིམ་གྱི་མཚན་མོ་དེ་ལ།།
ཁྱེད་རང་ལ་རེ་སྒུག་ཞུ་དུས།།
ང་དངོས་གནས་དཀའ་ལས་ཁག་གྱིས།།
ང་དངོས་གནས་དཀའ་ལས་ཁག་གྱིས།།
ལུས་པོ་ནི་ཆར་གྱིས་བརླན་ཞིང་།
སེམས་ནང་ལ་ན་ཟུག་གཏང་དུས།།
ང་དངོས་གནས་དཀའ་ལས་ཁག་གྱིས།།
ངའི་བདེ་སྐྱིད་འཇའ་ལྟར་ཡལ་སོང་།
ངའི་ལང་ཚོ་སེམས་སྡུག་གྱི་ཁེངས།།
ངས་དགའ་བའི་མི་དེ་མི་འདུག།།
ངའི་སྙིང་གཏམ་བཤད་འགྱུར་ལུས།།
ང་དགའ་བའི་མི་དེ་འགྲོ་དུས།།
ང་དངོས་གནས་དཀའ་ལས་ཁག་གྱིས།།
ངའི་བདེ་སྐྱིད་འཇའ་ལྟར་ཡལ་སོང་།
ངའི་ལང་ཚོ་སེམས་སྡུག་གྱི་ཁེངས།།
ངས་དགའ་བའི་མི་དེ་མེད་འདུག།།
ངའི་སྙིང་གཏམ་བཤད་འགྱུར་ལུས།།
ང་དགའ་བའི་མི་དེ་འགྲོ་དུས།།
ང་དངོས་གནས་དཀའ་ལས་ཁག་གྱིས།།
ང་དགའ་བའི་མི་དེ་འགྲོ་དུས།།
ང་དངོས་གནས་དཀའ་ལས་ཁག་གྱིས།།