འཁོ་ར་རྩེད།
གཞས་ཚིག།།
འབའ་དུང་སྲས།
གཞས་དབྱངས།
ལྟུན་འགྲུབ།
གཞས་མ།
གཡུ་ཁོག་མཚོ་མོ།
གྲོགས་ཁྱེད་དང་འུ་གཉིས་འཁོར་ར་རྩེད།།
སྟོད་གངས་རི་འཇང་ནས་འཁོར་ར་རྩེད།།
སྨད་རྨ་ཆུ་འཁྱིལ་ནས་འཁོར་ར་རྩེད།།
སྟག་ཤ་ར་སྟག་མོ་མཆོང་མཆོང་རྩེད།།
སྨན་བུ་མོས་སྒྲོ་གུར་ཕུབ་ཕུབ་རྩེད།།
རང་སྤུན་ཟླ་ཆ་བོ་འཁོར་ར་རྩེད།།
གྲོགས་ཁྱེད་དང་འུ་གཉིས་འཁོ་ར་རྩེད།།
གླུ་སྙན་མོ་བླངས་ནས་འཁོར་ར་རྩེད།།
བྲོ་བདེ་མོ་འཁྲབ་ནས་འཁོར་ར་རྩེད།།
སྟག་ཤ་ར་སྟག་མོ་མཆོང་མཆོང་རྩེད།།
སྨན་བུ་མོས་སྒྲོ་གུར་ཕུབ་ཕུབ་རྩེད།།
རང་སྤུན་ཟླ་ཆ་བོ་འཁོར་ར་རྩེད།།
གྲོགས་ཁྱེད་དང་འུ་གཉིས་འཁོར་ར་རྩེད།།
སེམས་བསམ་པ་སྤྲེལ་ནས་འཁོར་ར་རྩེད།།
འགྲོ་གོམ་ཁ་གཤིབ་ནས་འཁོར་ར་རྩེད།།
སྟག་ཤ་ར་སྟག་མོ་མཆོང་མཆོང་རྩེད།།
སྨན་བུ་མོས་སྒྲོ་གུར་ཕུབ་ཕུབ་རྩེད།།
རང་སྤུན་ཟླ་ཆ་བོ་འཁོར་ར་རྩེད།།
གྲོགས་ཁྱེད་དང་འུ་གཉིས་འཁོར་ར་ར།།
སེམས་བསམ་པ་སྤྲེལ་ནས་འཁོར་ར་རྩེད།
འགྲོ་གོམ་ཁ་གཤིབ་ནས་འཁོར་ར་རྩེད།།
སྟག་ཤ་ར་སྟག་མོ་མཆོང་མཆོང་རྩེད།།