作词 : 民间
作曲 : 民间
ཤར་ཕྱོགས་པོ་ཏ་ལ་ནས།
སྒྲོལ་མའི་སྐུ་གཅིག་བཞེངས་ཡོད།
སྒྲོལ་མའི་འཛུམ་ཞལ་དཀར་པོ།
ཕྱག་འཚལ་ཁང་ནས་མཇལ་བྱུང་།
ཤར་ཕྱོགས་སྤྲིན་བཟང་དཀར་པོ།
མ་མོའི་བལ་ལས་འཇམ་པ།
སངས་རྒྱས་འཁྲུངས་སའི་སྐུ་ལ།
ན་བཟའ་རེ་རེ་འབུལ་ཡོད།
སངས་རྒྱས་འཁྲུངས་སའི་སྐུ་ལ།
ན་བཟའ་རེ་རེ་འབུལ་ཡོད།
མ་མོ་རི་ལ་བཏང་ཡོད།
ལུ་གུ་ལྷས་ལ་བསྐོར་ཡོད།
ལུག་རྫི་བྱང་ཆུབ་སེམས་པ།
ལུ་གུ་མ་མོར་སྤྲོད་རོགས།
ཉིན་མོ་ཉི་མ་དྲིན་ཆེ།
མཚན་མོ་ཟླ་བ་དྲིན་ཆེ།
བུ་ཆུང་གནས་གསུམ་བསྐོར་དུས།
གནས་ཚང་ཨ་མ་དྲིན་ཆེ།
བུ་ཆུང་གནས་གསུམ་བསྐོར་དུས།
གནས་ཚང་ཨ་མ་དྲིན་ཆེ།
ཉིན་མོ་ཉི་མ་དྲིན་ཆེ།
མཚན་མོ་ཟླ་བ་དྲིན་ཆེ།
བུ་ཆུང་གནས་གསུམ་བསྐོར་དུས།
གནས་ཚང་ཨ་མ་དྲིན་ཆེ།
བུ་ཆུང་གནས་གསུམ་བསྐོར་དུས།
གནས་ཚང་ཨ་མ་དྲིན་ཆེ།