作曲 : 仁多尔
编曲 : 仁多尔
ལས་དབང་གཅིག་པའི་རིགས་མཐུན་སྤུན་ཟླ་ཚོ།
མཐུན་པའི་དཔུང་རྡང་གཅིག་ལ་སྦྲེལ།
སེམས་ཀྱི་སྨོན་འདུན་གཅིག་ལ་ཕྱོགས།
རྩེད་ཞོར་རྡུང་ཞོར་གར་ལ་འགྲོ།
བརྩེ་བ་གཅིག་ལ་སྒྲིལ་བའི་སྤུན་ཟླ་ཚོ།
ང་ཚོ་ཚང་མ་མཉམ་དུ་རྩེད།
རྩེད་གི་རྩེད་གི་དགུང་ལ་འགྲོ།
དགུང་འབྲུག་ཆུང་རྩེད་ན་ང་ཡང་བརྩེ།
གླུ་ཞིག་ལེན།
བྲོ་ཞིག་འཁྲབ།
བྲོ་ཞིག་འཁྲབ།
གླུ་ཞིག་ལེན།
ལས་དབང་གཅིག་པའི་རིགས་མཐུན་སྤུན་ཟླ་ཚོ།
མཐུན་པའི་དཔུང་རྡང་གཅིག་ལ་སྦྲེལ།
སེམས་ཀྱི་སྨོན་འདུན་གཅིག་ལ་ཕྱོགས།
རྩེད་ཞོར་རྡུང་ཞོར་གར་ལ་འགྲོ།
གླུ་ཞིག་ལེན།
བྲོ་ཞིག་འཁྲབ།
བྲོ་ཞིག་འཁྲབ།
གླུ་ཞིག་ལེན།
༢དུངས་སེམས་གཅིག་ལ་སྒྲིལ་བའི་སྤུན་ཟླ་ཚོ།
ང་ཚོ་ཚང་མ་མཉམ་དུ་རྩེད།
སེམས་ཀྱི་སྨོན་འདུན་གཅིག་ལ་ཕྱོགས།
རྩེད་ཞོར་རྡུང་ཞོར་གར་ལ་འགྲོ།
བརྩེ་བ་གཅིག་ལ་སྒྲིལ་བའི་སྤུན་ཟླ་ཚོ།
ང་ཚོ་ཚང་མ་མཉམ་དུ་རྩེད།
རྩེད་གི་རྩེད་གི་རྫ་ལ་འགྲོ།
རྫ་འབྲོང་མོ་རྩེད་ན་ང་ཡང་བརྩེ།
གླུ་ཞིག་ལེན།
བྲོ་ཞིག་འཁྲབ།
བྲོ་ཞིག་འཁྲབ།
གླུ་ཞིག་ལེན།
༣ རྨི་ལམ་གཅིག་པའི་རིགས་མཐུན་སྤུན་ཟླ་ཚོ།
དབྱངས་གསལ་སོ་བཞི་ངག་ལ་འགུག
སེམས་ཀྱི་དགའ་ཁ་གཅིག་ལ་བཅོལ།
རྩེད་ཞོར་རྡུང་ཞོར་གར་ལ་འགྲོ།
བརྩེ་སེམས་གཅིག་ལ་སྒྲིལ་བའི་སྤུན་ཟླ་ཚོ།
ང་ཚོ་ཚང་མ་མཉམ་དུ་རྩེད།
རྩེད་ཀི་རྩེད་ཀི་ཁྲོམ་ལ་འགྲོ།
ཁྲོམ་ན་ཟླ་རྩེད་ན་ང་ཡང་རྩེད།
གླུ་ཞིག་ལེན།
བྲོ་ཞིག་འཁྲབ།
བྲོ་ཞིག་འཁྲབ།
གླུ་ཞིག་ལེན།
རྨི་ལམ་གཅིག་པའི་རིགས་མཐུན་སྤུན་ཟླ་ཚོ།
དབྱངས་གསལ་སོ་བཞི་ངག་ལ་འགུག
སེམས་ཀྱི་དགའ་ཁ་གཅིག་ལ་བཅོལ།
རྩེད་ཞོར་རྡུང་ཞོར་གར་ལ་འགྲོ།
གླུ་ཞིག་ལེན།
བྲོ་ཞིག་འཁྲབ།
བྲོ་ཞིག་འཁྲབ།
གླུ་ཞིག་ལེན