编曲 : 其米卓嘎/扎西才旦
ཕངས་སེམས།
ཚིག། རག་ཤི་ཀརྨ་བསམ་གཏན།
གདངས། བདེ་སྐྱིད།
རོལ་དབྱངས་སྒྲིག་བཟོ། བཀྲ་ཤིས་ཚེ་བསྟེན།
གཞས་མ། འཆི་མེད་སྒྲོལ་དཀར།
དྲྭ་ལམ་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
མེ་ཏོག་བཞད་པ་སྔ་སོང་།
ཆུང་འདྲིས་འཕྲད་པ་ཕྱི་སོང་།
ཕུལ་ན་བསམ་པའི་མེ་ཏོག
དགུན་གྱི་ཁ་བས་བསྣུབས་སོང་།
སེམས་དང་བསམ་པ་ཉེ་ཡང་།
ལས་དང་ལུས་པོ་རིང་བས།
བརྩེ་དུང་རྡོ་རྗེའི་མདུད་པ།
ལོ་དང་ཟླ་བས་བཤིག་སོང་།
ཡ་ལ་་་རྡོ་རྗེའི་མདུད་པ།
ཡ་ལ་་་ཟླ་བས་བཤིག་སོང་།
སེམས་པ་ཤོར་བ་སྔ་སོང་།
སྙིང་གཏམ་བཤད་པ་ཕྱི་སོང་།
བཏགས་པའི་གཡུ་ཆུང་དྲུག་དཀར།
མི་ཚེའི་ལམ་ནས་བོར་སོང་།
ཉིན་དང་མཚན་ལ་དྲན་ཀྱང་།
དུས་ལ་སྙིང་རྗེ་མེད་པས།
ཧ་ཅང་འདྲིས་པའི་ཞལ་རས།
སེམས་ལ་ནག་ནོག་ཆགས་སོང་།
ཡ་ལ་་་འདྲིས་པའི་ཞལ་རས།
ཡ་ལ་་་ནག་ནོག་ཆགས་སོང་།
ཡ་ལ་་་འདྲིས་པའི་ཞལ་རས།
ཡ་ལ་་་ནག་ནོག་ཆགས་སོང་།
ཡ་ལ་་་ནག་ནོག་ཆགས་སོང་།