作词 : 雅智绒
作曲 : 民间
ནམ་མཁའ་ཡར་ལ་གཟིགས་དང་།
སྐར་མའི་ཕྲ་རྒྱན་མཐོང་གི།
གསོན་དང་འབྲོག་གི་བུ་མོ།
མིག་ཟུང་སྐར་ཆེན་འདྲ་བའི།
བསོ་་་བསོ།
བསོ་་་ཡ་་་ལ་་་
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
དྲོ་དྲོ་སེམས་ལ་ཞོགས་དང་།
བསོ་་་བསོ།
བསོ་་་ཡ་་་ལ་་་་
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
སྣང་བའི་དར་ཐག་འཐེན་ཡོང་།
བསོ་་་བསོ།
སྙིང་གཏམ་འོ་མའི་ཆབ་རྒྱུན།
སྣང་བའི་ཆུ་ལ་འདྲེས་ན།
གསོན་དང་འབྲོག་གི་བུ་མོ།
རིང་བའི་བསམ་པ་མ་ཡོད།
བསོ་་་བསོ།
བསོ་་་ཡ་་་ལ་་་་
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
དྲོ་དྲོ་སེམས་ལ་ཞོགས་དང་།
བསོ་་་བསོ།
བསོ་་་ཡ་་་ལ་་་་
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
ལས་འཕྲོ་ཡི་མདུད་པ་བརྒྱབ་ཡོད།
བསོ་་་བསོ།
སྐར་རྒྱན་ལྷོ་འགྲིག་བྱང་འགྲིག
འགྲིག་ནས་ནམ་མཁའ་ཁེངས་སོང་།
གསོན་དང་འབྲོག་གི་བུ་མོ།
ཆ་འགྲིག་གན་གི་གཟིགས་དང་།
བསོ་་་བསོ།
བསོ་་་ཡ་་་ལ་་་་
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
དྲོ་དྲོ་སེམས་ལ་ཞོགས་དང་།
བསོ་་་བསོ།
བསོ་་་ཡ་་་ལ་་་་
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
གཞོན་པའི་ལམ་ཆུང་གསལ་ཡོང་།
བསོ་་་བསོ།
དཔྱིད་ཉི་རིང་བ་མ་རེད།
དྲན་པས་ཉིན་མཚན་ནོར་སོང་།
གསོན་དང་། འབྲོག་གི་བུ་མོ།
སེམས་པས་གཡས་བསྐོར་བརྒྱབ་ཡོད།
བསོ་་་བསོ།
བསོ་་་ཡ་་་ལ་་་་
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
དྲོ་དྲོ་སེམས་ལ་ཞོགས་དང་།
བསོ་་་བསོ།
བསོ་་་ཡ་་་ལ་་་་
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
སྔས་ལ་རྨི་ལམ་གཅིག་རེད།
བསོ་་་བསོ།
བསོ་་་ཡ་་་ལ་་་་
བུ་མོ་ལགས། སྒྲོལ་དཀར་ལྷ་མོ།
སྔས་ལ་རྨི་ལམ་གཅིག་རེད།
བསོ་་་བསོ།