原唱:东达卓玛
作词:扎西泽搭
作曲:谢旦
ང་ཡི་ཕ་ཡུལ་གངས་རིའི་ལུང་པ་ཡིན།
གངས་རིའི་བླ་མ་ཕྱག་ན་པད་མོ་ཡིན།
ལག་ཁ་བཏགས་བཟུང་ནས་མཇལ་དུ་འགྲོ
ཁ་བའི་ལྗོངས་གི་བླ་མ་ངོ་མ་ཡིན།
བླ་རུང་ཆོས་སྡེ་ཆེན་མོར་འགྲོ་འདོད་ཡོད།
རྗེས་བླ་མ་ཡི་ཤེས་མཚོ་རྒྱལ་བཞུགས།
ལག་ཁ་བཏགས་བཟུང་ནས་མཇལ་དུ་འགྲོ།
བོད་སྐད་ཡིག་དར་ཞིང་རྒྱས་པར་སྨོན
ངཡི་ཕ་ཡུལ་རྨ་སྡེ་ཕྱུག་མོ་ཡིན།
རྨ་ཡིི་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག
བུ་མོ་ང་ཡི་རྩ་བའི་བླ་མ་ཡིན།
སྐུ་ཚེ་སྐལ་བརྒྱ་བརྟན་པའི་སྨོན་ལམ་འདེབས།
རྒྱང་རིང་ས་མཐའ་འགྲིམ་པའི་བུ་མོ་ངའི།
དྲིན་ཆེན་ཕ་མ་དྲན་པའི་གླུ་ཞིག་ལེན།
དྲིན་ཕ་མའི་སྐུ་ཚེ་རིང་བར་ཤོག
བུ་མོ་ང་ཡིས་གསོལ་བ་སྨོན་ལམ་འདེབས།
དྲིན་ཕ་མའི་སྐུ་ཚེ་རིང་བར་ཤོག
བུ་མོ་ང་ཡིས་གསོལ་བ་སྨོན་ལམ་འདེབས།