作词 : 巴加
作曲 : 土登
སྟོད་ཀྱི་མངར་རིས་སྐོར་གསུམ་གྱི།
གནས་ཆེན་པོ་གངས་དཀར་ཏི་སེ་ནི།
ཡེ་སྲིད་པ་ཆགས་པའིགངས་རྒན་རེད
མཚོ་མ་ཕམ་གཡུ་མཚོ་རྒྱབ་རི་རེད།
ཨ་ལ་གཡེར་་་་་་སྤུན་ཟླ་ཚོ
ཕྱག་འཚལ་བསྐོར་བ་ཕུལ་དང་།
ཚེ་བསོད་ནམས་འཕེལ་་ཡང་།
སྤན་ཟླ་ཚོ།
བར་ཀྱི་ཨ་ཆེན་བྱང་ཐང་གི།
རི་མཐོན་པོ་གཉན་ཆེན་ཐང་ལྷ་ནི།
བོད་མགུར་བཅུ་གསུམ་ནང་གསེར་རེད།
བྱང་གནམ་མཚོ་ཕྱུག་མོའི་རྒྱབ་རི་རེད།
ཨ་ལ་གཡེར་་་་་་ཤ་ཉེ་ཚོ།
རླུང་རྟ་སྣ་ལྔ་གཏོར་དང་།
ལས་རླུང་རྟ་དར་ཡོང་
ཤ་ཉེ་ཚོ།
སྨད་ཀྱི་མདོ་ཁམས་སྒང་དྲུག་གི།
ཤར་རི་ཆེན་རྨ་རྒྱལ་སྤོམ་ར་ནི།
བོད་ཁ་བ་ཅན་གྱི་ཡུལ་ལྷ་རེད།
གཡང་འདོད་རྒུ་འཁོར་བའི་ནོར་ལྷ་རེད།
ཨ་ལ་གཡེར་་་་་་་་གྲོགས་པོ་ཚོ
ལྷ་བསང་ཡར་ལ་ཐོངས་དང་།
ནོར་ལོངས་སྤྱོད་རྒྱས་ཡང་།
གྲོགས་པོ་ཚོ།