世界之光 - 玉科措姆
词:维蕃
曲:用旦公布
音乐宣传:谢旦贴吧工作室
མཛམ་བུ་གླིང་གི་ཆོས་སྡེ་ཆེན་པོ།།
གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད།།
ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུའི།།
བྱིན་རླབས་མེ་ཏོག་ཕོག་པའི་ཞིང་མཆོ།
མདོ་སྔགས་ཉི་ཟླ་གཉིས་ཀྱི་འཁོར་ཁྱིམ།།
རིས་མེད་ཐུབ་བསྟན་ཡོངས་ཀྱི་མཛེས་རྒྱན།།
བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།།
འཇིག་རྟེན་དགེ་བར་བྱེད་པའི་འོད་ཟེར།།
མཆོག་སྤྲུལ་ལུང་རྟོགས་བསྟན་འཛིན་ལ་སོགས།།
རྒྱལ་བསྟན་འཛིན་སྐྱོང་ཐབས་ལ་མཁས་པའི།།
མཁས་སྤྲུལ་མཁས་གྲུབ་གསེར་གྱི་ཕྲེང་བས།།
ཆོས་རྒྱུད་བསྟན་པའི་རྒྱལ་མཚན་ཕྱར་སོང་།།
བྱ་རྒྱལ་རྒོད་པོའི་ཉིན་ལམ་བཅོ་བརྒྱད།།
ཆོས་རིག་འོད་ཀྱི་མཛེས་པར་བྱས་པའི།།
ངོ་མཚར་ནང་གི་ཡང་མཚར་འདི་འདྲ།།
སྙན་མོ་གླུ་ཡི་དབྱངས་ལ་འཁོར་བྱུང་།