作词 : 巴贡森格/曲尔却
作曲 : 巴贡森格
སྐལ་བཟང་དུས་ཀྱི་ཕོ་ཉ་མགྲོན་ལ་སླེབས།།
吉祥的日子今天到来
ལས་ཀྱིས་བསྐོས་པའི་ཕ་མ་སྤུན་མཆེད་འཛོམ།།
骨肉至亲们欢聚一堂
དགའ་ན་དགའ་ཡ་སྐྱོ་ན་སྐྱོ་རོགས་ཡིན།།
感恩不离不弃的陪伴
བཀྲ་ཤིས་ཁ་གཡང་ཐོག་མ་ཁྱེད་ལ་ཞུ།།
最美的祝福送给你们
ཨ་་་་་་་་་་་་་་། ཨོ་་་་་་་་་་་་་།
啊……….哦…………
སེམས་ཐག་ཉེ་བའི་མི་ལ།
祝骨肉相连的人啊
ཁར་རྗེ་བསོད་ནམས་འཁོར་བའི་བཀྲ་ཤིས་ཤོག
万事如意 扎西德勒
རྫོགས་ལྡན་དུས་ཀྱི་དུང་སྒྲ་ལྷང་ལྷང་གྲགས།།
佳日的螺声隆隆响起
ལས་མཐུན་སེམས་ཀྱི་གྲོགས་པོ་གདན་ལ་ཐོན།།
知己益友们欢聚一堂
གྲོགས་ཀྱི་བརྩེ་བ་མ་འགྱུར་སླར་ཡང་འཛོམ།།
感恩地久天长的友谊
དྲི་མེད་ལྷ་དར་དཀར་པོ་ཁྱེད་ལ་འབུལ།།
洁白的哈达先给你们
ཨ་་་་་་་་་་་་་་། ཨོ་་་་་་་་་་་་་།
啊……….哦…………
ལྷག་བསམ་ཅན་གྱི་མི་ལ།
祝云行雨施的人啊
བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག
事事顺心 扎西德勒
ང་ཚོ་དེ་རིང་འཛོམ་པ་བསོད་ནམས་ཆེ།།
在坐的我们多么幸福
ནམ་ཡང་འབྲལ་བ་མེད་ན་སྐྱིད་པ་ལ།།
使今天能够欢聚一堂
བཀྲ་ཤིས་རྟེན་འབྲེལ་འགྲིག་པའི་ཉི་མ་འདི།།
愿这喜气洋洋的日子
མི་འགྱུར་བསྐལ་བའི་བར་དུ་བརྟན་པར་སྨོན།།
永远停留在我们心间
ཨ་་་་་་་་་་་་་་། ཨོ་་་་་་་་་་་་་།
啊……….哦…………
ཡ་རབས་བཟང་པོའི་མི་ལ།
祝德才兼备的人啊
བཀྲ་ཤིས་དགེ་ལེགས་འབྱུང་བའི་བཀྲ་ཤིས་ཤོག
吉祥安康 扎西德勒