༄༅།། མཁྱེན་ནོ།།
མཁྱེན་ནོ།།
བླ་མ་མཁྱེན་ནོ།།
རྗེ་བཙུན་ཐོས་པ་དགའ་བ་མཁྱེན་ནོ།།
རྗེ་བཙུན་བཞེད་པ་རྡོ་རྗེ་མཁྱེན་ནོ།།
རྗེ་བཙུན་རྡོ་རྗེ་རྒྱལ་མཚན་མཁྱེན་ནོ།།
རྗེ་བཙུན་མི་ལ་རས་པ་མཁྱེན་ནོ།།
དང་པོ་བོད་ཀྱི་གྲུབ་ཆེན།།
མི་ལ་རས་པ་འཁྲུངས་ནས།།
ཉེ་དུ་དགྲར་སྡང་བཏུལ་ཏེ།།
སྡིག་ལས་ཚབ་ཆེན་བཟོས་སོ།།
བར་དུ་སྡིག་ལ་འགྱོད་ནས།།
བླ་མ་མར་པ་བསྟེན་ཏེ།།
བློ་འདས་སྒྲིབ་པ་མ་ལུས།།
དཀར་སྤྱད་དྲག་པོས་སྦྱངས་སོ།།
རྗེ་བཙུན་ཐོས་པ་དགའ་བ་མཁྱེན་ནོ།།
རྗེ་བཙུན་བཞེད་པ་རྡོ་རྗེ་མཁྱེན་ནོ།།
རྗེ་བཙུན་རྡོ་རྗེ་རྒྱལ་མཚན་མཁྱེན་ནོ།།
རྗེ་བཙུན་མི་ལ་རས་པ་མཁྱེན་ནོ།།
ཐ་མ་ཚེ་གཅིག་ལུས་གཅིག།།
བསྒྲུབས་པའི་འབྲས་བུ་ཐོབ་པས།།
རང་གཞན་དོན་གཉིས་འགྲུབ་ཏེ།།
མཆོག་གི་དངོས་གྲུབ་ཐོབ་བོ།།
ཐ་མ་ཚེ་གཅིག་ལུས་གཅིག།།
བསྒྲུབས་པའི་འབྲས་བུ་ཐོབ་པས།།
རང་གཞན་དོན་གཉིས་འགྲུབ་ཏེ།།
མཆོག་གི་དངོས་གྲུབ་ཐོབ་བོ།།
རྗེ་བཙུན་ཐོས་པ་དགའ་བ་མཁྱེན་ནོ།།
རྗེ་བཙུན་བཞེད་པ་རྡོ་རྗེ་མཁྱེན་ནོ།།
རྗེ་བཙུན་རྡོ་རྗེ་རྒྱལ་མཚན་མཁྱེན་ནོ།།
རྗེ་བཙུན་མི་ལ་རས་པ་མཁྱེན་ནོ།།