作词 : 瓜尔阿索
作曲 : 瓜尔阿卓
སྤང་གན་དེང་མའི་སྤང་རེད་སྐྱིད་པའི་ལྗོངས།
སྦྲ་གན་དེང་མའི་སྦྲ་རེད་བདེ་བའི་ཁྱིམ།
སྒྲོལ་མའི་དེང་མའི་དྭངས་ཤ་མ་བོར་ན།
ཡ་ཆུང་སེམས་འདི་དྲོད་ཀྱི་གཞི་མ་ཡིན།
ཨ་ལ་ཆུང་ལ་རོགས། ཨ་ལ་ཆུང་ལ་རོགས་།
ཁྱེད་རང་དེང་མའི་དེ་དང་ང་ཡང་དེ།
འུ་གཉིས་ཁ་མལ་དེ་ནས་མ་འགྱུར་ན།
སྐྱིད་ལ་སྡུག་ཡོད་སྡུག་ཀྱང་མི་འཇིགས་ཀ།
རྫ་འདི་དེང་མའི་རྫ་རེད་ཆུང་ལ་རོགས།
ཆུ་འདི་དེང་མའི་ཆུ་རེད་ཆུང་ལ་རོགས།
སྒྲོལ་མའི་དེང་མའི་རང་གཤིས་མ་འགྱུར་ན།
ཡ་ཆུང་སེམས་འདི་སྐྱིད་ཀྱི་གཞི་མ་ཡིན།
ཨ་ལ་ཆུང་ལ་རོགས། ཨ་ལ་ཆུང་ལ་རོགས།
ཁྱེད་རང་དེང་མའི་དེ་དང་ང་ཡང་དེ།
འུ་གཉིས་ཁ་མལ་དེ་ནས་མ་འགྱུར་ན།
སྡུག་ལ་སྐྱིད་ཡོད་སྐྱིད་ལ་བྲོ་གསོལ་ལོ།