作词 : 周拉加
作曲 : 加央旦增
རང་བྱོན་རྟེན་འབྲེལ།
自律祝福
ཚིག/འབྲུག་ལྷ་རྒྱལ།
作词/周拉加
དབྱངས/འཇམ་དབྱངས་བསྟན་འཛིན།
作曲/加央旦增
ལེན་མཁན/ཤེར་བསྟན།
演唱/谢旦
གངས་དཀར་ཏི་སེ་དབུས་གཙང་ཡུལ་དུ་བརྗིད།།
རྨ་རྒྱལ་སྦོམ་ར་མདོ་སྨད་ཡུལ་དུ་བརྟན།།
འགྱུར་མེད་དཔལ་གྱི་རྔམས་ཟིལ་ཆེ་བ་འདི།།
གངས་ཅན་བོད་མིའི་བློ་སྤོབས་མཐོ་བའི་རྟགས།།
མ་ཕམ་གཡུ་མཚོ་དབུས་གཙང་ཡུལ་དུ་འཁྱིལ།།
ཁྲི་ཤོར་རྒྱལ་མོ་མདོ་སྨད་ཡུལ་དུ་བལྟམས།།
དྭངས་གཙང་ཤེལ་གྱི་ཁ་མདོག་གསལ་བ་འདིི།།
གངས་ཅན་བོད་མིའི་ཡིད་སེམས་དྲང་བའི་རྟགས།།
ཡར་ཀླུངགཙང་བོ་དབུས་གཙང་ཡུལ་དུ་བཞུད།།
རྨ་ཀླུང་སྒེག་མོ་མདོ་སྨད་ཡུལ་དུ་རྒྱུ།།
ཆུ་རྒྱུན་ཆེན་མོ་རྒྱ་མཚོར་འབབ་པ་འདི།།
གངས་ཅན་བོད་མིའི་ཕུགས་འདུན་རིང་བའི་རྟགས།。
གཞས་ཚིག་ལེགས་སྒྲིག་བྱེད་མཁན་གཞས་པ་《ཁང་བྷོའི་》སྤྱི་སྟེགས།
歌词整理/康保贴吧