作词 : 旦增平措Dp
作曲 : 旦增平措Dp
འགྱོད་སེམས།
ཆུ་སྐྱེས་པད་མ་འདྲ་བའི་ཞལ་རས་དེ།
མིག་མདུན་ལ་ཡང་ཡང་འཁོར་ནས་ཡོང་གི
ཁ་སང་ཁྱེད་རང་ཐུག་ནས་བྱས།
སེམས་དབང་མེད་ཁྱེད་ཀྱི་འཕྲོག་སོང་།
བློ་ཁོག་མི་འདང་ཁྱེད་རང་ལ་ལབ་ནུས་མ་བྱུང་།
ད་ནི་ག་དུས་ཁྱེད་རང་ཐུག་ཡོང་བསམ།
ཁྱེད་རང་ཐུག་སའི་ས་དེར་ཡང་ཡང་སོང་།
ཐེངས་མང་སྒུག་ནས་བསྡད་ཀྱང་།
ཁྱེད་ཀྱི་གྲིབ་གཟུགས་ཙམ་མཇལ་རྒྱུ་མི་འདུག
ཨ་ཁ་ཁ་ཁ།་དེ་འདྲའི་ཕངས་བ་ལ།
སྐབས་དེ་དུས་ནས་ཁྱེད་རང་ལ་ཁ་སང་ནའི་ཆོག་ག
སྐབས་དེ་དུས་ནས་བསམ་ཚད་ཁྱེད་རང་ལ་ལབ་ནའི་ཆོག་ག
ད་ཆ་འགྱོད་པ་གཏིང་ནས་སྐྱེས་ཀྱང་ཐབས་ཤེས་གང་ཡང་མི་འདུག
ཨ་ཙི་བུ་ངའི་སེམས་པའི་སྐྱོ་བ་ལ།
མིའི་ལས་དབང་ཟེར་བ་དེ་དེ་འདྲས་ཞིག་མན་འགྲོ
བསམ་ཕོད་པ་ཞིག་དང་བྱེད་ཕོད་པ་ཞིག་མེད་ན།
བརྩེ་དུང་དང་བྱ་གཞག་གང་ཞིག་ཡིན་རུང་།
མིག་མདུན་ནས་མེད་པར་འགྱུར་འགྲོ་གི
ཨ་ཙི་ང་ཡི་སྙིང་གི་མཛེས་མ་ལགས།
སླར་ཡང་ཁྱེད་རང་མཇལ་བའི་སྨོན་ལམ་འདེབས།