作词 : 日当呷扎
作曲 : 嘞布
ཚོང་དང་རིག་གནས།
གཞས་ཚིག རུ་དམ་སྐལ་བཀྲ།
གཞས་གདངས། ནོར་བུ།
གཞས་པ། འཇིགས་མེད་དབང་རྒྱལ།
བར་སྐོར་ལམ་ནས་འགྲོ་དུས།།
བསང་དུད་དྲི་ཞིམ་ཆེ་བ།།
ལྷ་བསང་དགུང་ལ་གཏོང་མཁན།།
ཁམས་པ་ཚེ་རིང་བསོད་ནམས།།
ཁྱོད་ཀྱི་ཁྲ་ཆེན་མིག་ལ།།
དྲང་མོའི་དམ་ཚིག་སྲུང་ཡོད།།
དྲང་མོའི་དམ་ཚིག་ནང་ལ།།
ནམ་མཁའི་ལྷ་ཡང་འཁོར་ཡོང་།།
དྲང་མོའི་དམ་ཚིག་ནང་ལ།།
ནམ་མཁའི་ལྷ་ཡང་འཁོར་ཡོང་།།
ཁམས་པ་ཚེ་རིང་བསོད་ནམས།།
ཚོང་ལ་དངོས་གྲུབ་བརྙེས་དགོས།།
ཁྲོམ་གཟིགས་མི་ཚོགས་ཁ་ལ།།
ནོར་གྱི་རྒྱ་མཚོ་འཁྱིལ་ཡོང་།།
ཁྲོམ་གཟིགས་མི་ཚོགས་ཁ་ལ།།
ནོར་གྱི་རྒྱ་མཚོ་འཁྱིལ་ཡོང་།།
བར་སྐོར་ལམ་ནས་འགྲོ་དུས།།
ཕྱེ་མ་གཙང་སྤུས་དག་པ།།
ཕྱེ་ཕུད་ལྷ་ལ་མཆོད་མཁན།།
དབུས་མོ་བདེ་ཆེན་སྒྲོལ་མ།།
ཁྱོད་ཀྱི་ཀོང་མོའི་བྲང་ལ།།
དད་པའི་གསོལ་འདེབས་ཁུར་ཡོད།།
དད་པའི་གསོལ་འདེབས་ནང་ལ།།
ནམ་མཁའ་འདི་ཡང་ཤོང་ཡོང་།།
དད་པའི་གསོལ་འདེབས་ནང་ལ།།
ནམ་མཁའ་འདི་ཡང་ཤོང་ཡོང་།།
དབུས་མོ་བདེ་ཆེན་སྒྲོལ་མ།།
སློབ་ལ་ཤེས་རིག་བརྙེས་དགོས།།
ལྷ་གཞོང་མེ་ཏོག་ཐང་ལ།།
རིག་པའི་ཆར་བ་ཡོང་།།
ལྷ་གཞོང་མེ་ཏོག་ཐང་ལ།།
རིག་པའི་ཆར་བ་ཡོང་།།