作词 : 周兴才让
作曲 : 周兴才让
འཇིག་རྟེན་མུན་ནག་ལ་ཐིམ་ཏེ །
གྲག་འགུལ་མེད་པར །
ཁུ་སིམ་མེ་ཁུ་སིམ་མེར་གཉིད་དུས །
ངའི་མགོན་སྐྱབས་མེད་པའི་རྣམ་ཤེས་དེ །
གཟེབ་ལ་བཙུད་པའི་བྱེའུ་ཞིག་དང་འདྲ །
རྡོག་ལམ་ཚེར་མ་ཡིས་གང་ཡང་།
མདུན་དུ་སྐྱོད་དུས །
གངས་རི་དང་གཙང་བོ་ལ་བརྒལ་ནས །
གཤོག་པ་ཐོགས་པའི་རྒོད་པོ་ཞིག་དང་འདྲ་བར །
ཁྱེད་ཀྱི་གམ་དུ་མྱུར་བར་སླེབས་ན་བསམ །
དེ་ནས ། ངས་འོད་སྣང་ཞིག་མཐོང་སོང་ །
སྤྲིན་པ་ནག་པོའི་བང་རིམ་བརྟོལ་ནས་མཐོང་བྱུང་།
མཐོང་བྱུང་།
ངའི་ཁེར་རྐྱང་དང་འཇིགས་སྐྲག་བརྟོལ་ནས།
མཐོང་བྱུང་།
ཨོ་་་་ངས་རེ་བའི་འོད་སྣང་ཞིག་མཐོང་བྱུང་ །
རྡོག་ལམ་ཚེར་མ་ཡིས་གང་ཡང་།
མདུན་དུ་སྐྱོད་དུས །
གངས་རི་དང་གཙང་བོ་ལ་བརྒལ་ནས །
གཤོག་པ་ཐོགས་པའི་རྒོད་པོ་ཞིག་དང་འདྲ་བར །
ཁྱེད་ཀྱི་གམ་དུ་མྱུར་བར་སླེབས་ན་བསམ །
དེ་ནས ། ངས་འོད་སྣང་ཞིག་མཐོང་སོང་ །
སྤྲིན་པ་ནག་པོའི་བང་རིམ་བརྟོལ་ནས་མཐོང་བྱུང་།
མཐོང་བྱུང་།
ངའི་ཁེར་རྐྱང་དང་འཇིགས་སྐྲག་བརྟོལ་ནས།
མཐོང་བྱུང་།
ཨོ་་་་ངས་རེ་བའི་འོད་སྣང་ཞིག་མཐོང་བྱུང་ །
ངས་རེ་བའི་འོད་སྣང་ཞིག་མཐོང་བྱུང་ །