作词 : 雄尔国
作曲 : 尕太加
དྲན་པའི་གདུང་དབྱངས།
思念
ཚིག བྱང་རྒོད།
歌词:雄尔国
དབྱངས། རོལ་མོ། དཀའ་ཐུབ་རྒྱལ།
作曲/录音:尕太加
གཞས་པ། ཨ་རྡོ་བྷ།
演唱: 阿多巴
མཁའ་ཡི་དུང་ཟླ་དཀར་པོ་ཤར་དུས་ན།།
繁星皓月,缀我星空,
ལྷིང་འཇགས་སྟོང་གི་མཚན་མོ་མདུན་ན་ཡོད།།
我独自一人在思念,
དྲན་པ་དབྱངས་ལ་བཀུག་ནས་དཀྲོལ་དུས་ན།།
吾将思念寄于琴,
གདངས་ཀྱི་ནང་ན་ཕ་ལོའི་གསུང་སྐད་ཡོད།།
弦声之围是您的慈语。
དགའ་སྐྱོ་སྐྱིད་སྡུག་རང་ཐོག་བབས་དུས་ན།།
喜怒哀乐,磨我身心,
དངན་པ་ཁྲི་ཡི་སེམས་ཚེགས་རུམ་ན་ཡོད།།
我独自一人在心醉,
ཚོར་བ་ཚིག་ལ་བརྒྱུས་ནས་འབྲི་དུས་ན།།
吾将感悟寄于纸,
ཡིག་ཆུང་བར་ན་ཕ་བུའི་བརྩེ་མདངས་ཡོད།།
字里行间是您的慈爱。
མིརྟག་འདུ་འབྲལ་གམ་ལ་ཡོང་དུས་ན།།
生死离别,伴我左右,
ཡིག་དྲུག་འབུམ་གྱི་གསོལ་བ་སྙིང་ན་ཡོད།།
我独自一人在祷告,
ལན་གསུམ་འབོད་པའི་མིག་ཆུ་ཤོར་དུས་ན།།
吾将思念寄于泪,
ཡིད་ཀྱི་གཏིང་ན་གཡང་འཁོར་ཞལ་ཆེམས་ཡོད།།
昼思夜想是您的绝笔。
བུ་ལ་བྱམས་ཀྱིས་བསྐྱངས་བའི་དྲིན་ཆེན་ཕ།།
恩重如山,藏我心底,
དྲིན་ལན་ལན་གྱིས་མ་བསལ་བུ་ཆུང་ངས།།
我独自一人在悔悟,
འཁོར་བའི་གོམ་ཁ་རི་ལ་འཇོག་དུས་སུ།།
吾将大恩埋于心,
སྡུག་གི་སྐྱོ་དབྱངས་ཁྲོད་ནས་ཁྱེད་རང་དྲན།།
大步向前是您的期许