作词 : 加羊东主
作曲 : 加羊东主
编曲 : 加羊东主
ཆར་བ་བབས་པའི་མཚན་མོ། ཁྱོད་ངའི་རྨི་ལམ་གྱི་ཞིང་ལ་ཐོན་བྱུང་།
ཆར་བ་བབས་པའི་མཚན་མོ། ཁྱོད་ང་དང་འབྲལ་བའི་བརྡ་ཞིག་བཏང་བྱུང་།
ངས་ཐོག་མར་རང་ལ་དཔྱད། གལ་ཏེ་ང་དམ་ཚིག་དང་འགལ་བར་བསམ།
ངས་ཡང་བསྐྱར་རང་ལ་བཤད། གལ་ཆེ་ཁྱོད་ནི་ང་རང་ཉིད་ལས་ཀྱང་བརྒལ།
ཕྱིར་འདང་གི་ཆ་ཤོས་རེར། མིག་ལམ་གསལ་བོར་འཆར་བ་ཁྱོད་དང་ང་།
ཆར་བ་འབབ་ཐེངས་རེ་རེར སྔར་མེད་པའི་འཇིགས་སྣང་གིས་ང་རང་བཏུམ
ཡིན་ཡང་ད་ལྟའི་ང་ནི། འདས་ཟིན་གྱི་ཆར་རླུང་ལ་སྐྲག་གི་མེད།
ལས་དབང་གི་བཀོད་སྒྲིག་འདི། སྔར་བཞིན་བརྩེ་བ་དང་རེ་བའི་བྱུགས་ནས།
བརྩེ་དུངས་ལ་ཡིད་ཆེས་ཡོད། ང་རང་བརྩེ་དུངས་ལ་ཡིད་ཆེས་ཡོད། སྙིང་ཉེ་རང་འཚོལ་དུ་མཆིས།
ཆར་བ་བབས་པའི་མཚན་མོ། ང་རང་གཅིག་པུ་མུན་པའི་ཀློང་སུ་འཐིམས།
ཆར་བ་བབས་པའི་མཚན་མོ། ང་རང་འཚོ་བ་དང་ཁ་ཐག་རིང་སོང་།
འཐའ་མེད་མྱ་ངན་ཐང་ནས། ཐལ་མོ་སྙིང་ལ་སྦྱར་ནས་ཞུ་བ་བྱོས།
ང་ཅིག་སྐྱོབ་རོགས་གནང་ཟེར། མདུན་སྐྱོད་ཀྱི་སྤོབས་པ་དང་སྟོབས་སྩོལ་བྱུང་།
མདུན་དུ་འགྲོ་དང་འགྲོ་བཞིན། དེབ་ཐེར་དང་གཏམ་རྒྱུད་ལས་རང་ཉིད་བཙལ།
དབྱངས་རྟ་དང་སྒྱུ་རྩལ་ལས་རང་ཉིད་བཙལ།
སྙིང་ཉེ་རིང་འཚོལ་དུ་མཆིས།