编曲 : 索当珠
ཚིག་གདངས་། ཡོན་ཏན་གྲགས་པ།
གླུ་བ། སོག་སྟག་འབྲུག བསོད་ནམ་དར་སྐྱིད།
གསེར་ལུག་ཡག ས་ལ་སྐྱིད་པོ་བྱང་གི་རྩྭ་ཐང་རེད་ལ་ཟེར་ན།
སྐྱིད་པོ་བྱང་གི་རྩྭ་ཐང་མཛེས་པོ་སོག་ཤོད་ལུང་པ་ཡོད་རེད།
གསེར་ལུང་ཡག རྒྱབ་རི་ཡག་ལ་གཡག་ལ་བསེ་བོ་ཡོད་རེད་ཟེར་ན།
སྐྱིད་པོ་སོག་ཤོད་ལུང་པ་མཛེས་མོ་གཡག་ལ་སེ་བོ་ཡོད་རེད།
གསེར་ལུང་ཡ། དགོན་ལ་ཡག་མོ་ཙན་དན་དགོན་པ་རེད་ལ་ཟེར་ན།
སྐྱིད་པོ་སོག་ཤོད་ལུང་པ་མཛེས་མོ་ཙན་དན་དགོན་པ་ཡོད་རེད།
གསེར་ལུང་ཡག ཆུ་ལ་མར་འབབ་སོག་ཆུ་སྔོན་མོ་ཡོད་རེད་ཟེར་ན། སྐྱིད་པོ་སོག་ཤོད་ལུང་པ་མཛེས་མོ་སོག་ཆུ་སྔོན་མོ་ཡོད་རེད།
གསེར་ལུང་ཡག ཤིངལ་ཡར་ཚར་ལྷ་ཤིང་ཤུག་པ་ཡོད་རེད་ཟེར་ན། སྐྱིད་པོ་སོག་ཤོད་ལུང་པ་སྙན་མོ་ཁུ་བྱུག་སྔོན་མོ་ཡོད་རེད།
གསེར་ལུང་ཡག ས་ལ་སྐྱིད་པོ་སོག་ཤོད་ལུང་པ་ཡོད་རེད་ཟེར་ན། སྐྱིད་པོ་ཨ་མའི་སྤང་ལ་མཛེས་མོ་སོག་ཤོད་བུ་མོ་ཡོད་རེད།