编曲 : 萨琴乐队
འོད་ཀྱི་ས་བོན།
—རིམས་འགོག་ལས་རྐང་སྟེང་གི་མི་རྣམས་ལ་ཕུལ་བ།
གཞས་ཚིག མགར་རྩེ་གནམ་འབྲུག་རྒྱལ།
འཛམ་གླིང་ཡུལ་གྲུའི་གཞིས་ཁྱིམ་དྲོན་མོ་འདིར།
པྲོག་གསར་ནད་ཡམས་དུག་རླངས་མཆེད་དུས་ན།
ཁ་བའི་མེ་ཏོག་གནམ་ནས་འབབ་པ་བཞིན།
སྐྱེ་འགྲོ་ཀུན་ལ་འོད་ཀྱི་ས་བོན་སྦྱིན།
ས་ཡི་གོ་ལའི་ཡངས་པའི་རྒྱལ་ཁམས་འདིར།
མི་ཚོགས་འདུ་འགོད་རྦ་རླབས་བསྐྱོམས་དུས་ན།
ག་པུར་ལྗོན་ཤིང་ས་ལ་བཙུགས་ནས་ཡོད།
འོད་ཀྱི་ས་བོན་ཁྱེད་ལ་གུས་འདུད་ཞུ།
མི་ཡི་འཇིག་རྟེན་སྣོད་བཅུད་གཙང་མ་འདིར།
རིམས་འགོག་བདུད་རྩིའི་ཆར་བ་འབབ་དུས་ན།
གསོམ་དཀར་ལྗང་མྱུག་ནགས་ནས་འབུས་པ་བཞིན།
སྐྱེ་འགྲོ་ཀུན་ལ་ཚེ་སྲོག་ཕྲ་མོ་སྦྱིན།
ཉིང་སྐྱུར་བཤེར་འཇལ་འཕྲང་ལམ་ཕྲེང་བ་འདིར།
ལོགས་བཀར་སེམས་སྔངས་བྱེ་རླུང་འཚུབ་དུས་ན།
གངས་ཆབ་གཙང་མ་རི་ནས་བརྡོལ་བཞིན་ཡོད།
འོད་ཀྱི་ས་བོན་ཁྱེད་ལ་གུས་འདུད་ཞུ།