作词 : 扎囊旦巴次仁
作曲 : 无
དེང་སང་གི་མི།
ཚིག གྲ་ནང་བསྟན་པ་ཚེ་རིང་།
གཞས་པ། ཡེ་ཤེས་ལགས།
རྒྱུ་དབང་ཆ་བྱུང་ན་ཕ་མ་བརྗེད།
གྲོགས་པོའི་ལ་རྒྱ་རླུང་ལ་བསྐུར།
དེང་སང་མི་ལ་རྒྱུ་འབྲས་གང་དུ་ཡོད།
མཚན་སྙན་གྲགས་བྱུང་ན་བཟའ་ཚང་བརྗེད།
བུ་ཕྲུག་མདུན་ལམ་ཆུ་ལ་བསྐུར།
དེང་སང་མི་ལ་སྙིང་རྗེ་གང་དུ་ཡོད།
དེང་སང་མི་མང་པོས།
གཟུགས་ལང་ཚོ་དངུལ་དང་བརྗེས།
དེང་སང་མི་མང་པོས།
མཚན་སྙན་གྲགས་དངུལ་གྱིས་ཉོས།
རྒྱུ་དབང་ཆ་ག་ཚོད་མང་པོ་ཡོད་ན་ཡང་།
ལས་རྒྱུ་འབྲས་མེད་ན་སྟོང་པ་སྟོང་རྐྱང་རེད།
མཚན་སྙན་གྲགས་ག་ཚོད་ཆེན་པོ་ཡོད་ན་ཡང།
བྱམས་སྙིང་རྗེ་མེད་ན་སྟོང་པ་སྟོང་རྐྱང་རེད།
རྒྱུ་དབང་ཆ་བྱུང་ན་ཕ་མ་བརྗེད།
གྲོགས་པོའི་ལ་རྒྱ་རླུང་ལ་བསྐུར།
དེང་སང་མི་ལ་རྒྱུ་འབྲས་གང་དུ་ཡོད།
མཚན་སྙན་གྲགས་བྱུང་ན་བཟའ་ཚང་བརྗེད།
བུ་ཕྲུག་མདུན་ལམ་ཆུ་ལ་བསྐུར།
དེང་སང་མི་ལ་སྙིང་རྗེ་གང་དུ་ཡོད།
དེང་སང་མི་མང་པོས།
གཟུགས་ལང་ཚོ་དངུལ་དང་བརྗེས།
དེང་སང་མི་མང་པོས།
མཚན་སྙན་གྲགས་དངུལ་གྱིས་ཉོས།
རྒྱུ་དབང་ཆ་ག་ཚོད་མང་པོ་ཡོད་ན་ཡང་།
ལས་རྒྱུ་འབྲས་མེད་ན་སྟོང་པ་སྟོང་རྐྱང་རེད།
མཚན་སྙན་གྲགས་ག་ཚོད་ཆེན་པོ་ཡོད་ན་ཡང།
བྱམས་སྙིང་རྗེ་མེད་ན་སྟོང་པ་སྟོང་རྐྱང་རེད།
རྒྱུ་དབང་ཆ་བྱུང་ན་ཕ་མ་བརྗེད།
གྲོགས་པོའི་ལ་རྒྱ་རླུང་ལ་བསྐུར།
དེང་སང་མི་ལ་རྒྱུ་འབྲས་གང་དུ་ཡོད།
མཚན་སྙན་གྲགས་བྱུང་ན་བཟའ་ཚང་བརྗེད།
བུ་ཕྲུག་མདུན་ལམ་ཆུ་ལ་བསྐུར།
དེང་སང་མི་ལ་སྙིང་རྗེ་གང་དུ་ཡོད།
རྒྱུ་དང་དབང་ཆ་མང་པོ་ཡོད་ནའི་དམྱལ་ལར་འགྲོ་དུས་སྟོང་པ་རེད།
མཚན་དང་སྙན་གྲགས་ཆེན་པོ་ཡོད་ནའི་དམྱལ་ལར་འགྲོ་དུས་སྟོང་པ་རེད།
ཕ་མའི་བཀའ་དྲིན་གསོལ་རོགས་གནང་དང་བུ་ཕྲུག་ནང་གི་བུ་ཕྲུག་རེད།
དཀའ་ངལ་ཡོད་དུས་ཕྱག་རོགས་གནང་དང་གྲོགས་པོའི་ནང་གི་གྲོགས་པོ་རེད།
བཟའ་མི་བུ་ཕྲུག་འཆམ་མཐུན་གནང་དང་བཟའ་ཚང་ནང་གི་བཟའ་ཚང་རེད།
ཕྲུ་གུའི་མདུན་ལམ་སེམས་ལ་ཞོག་དང་ཕ་མའི་ནང་གི་ཕ་མ་རེད།
ཕ་མའི་ནང་གི་ཕ་མ་རེད།
རེད་ཡ་་་་་་་
རྒྱུ་དབང་ཆ་བྱུང་ན་ཕ་མ་བརྗེད།
གྲོགས་པོའི་ལ་རྒྱ་རླུང་ལ་བསྐུར།
དེང་སང་མི་ལ་རྒྱུ་འབྲས་གང་དུ་ཡོད།
མཚན་སྙན་གྲགས་བྱུང་ན་བཟའ་ཚང་བརྗེད།
བུ་ཕྲུག་མདུན་ལམ་ཆུ་ལ་བསྐུར།
དེང་སང་མི་ལ་སྙིང་རྗེ་གང་དུ་ཡོད།
ཨ་ཙི་དེ་འདྲ་མ་གནང་་་་་་སྤུན་ཟླ་ལགས།