作词 : 万玛Mr Chemsi
作曲 : 万玛Mr Chemsi
编曲:Mr Chemsi
录音:Mr Chemsi
混音:Mr Chemsi
ཁྱོད་རང་མཐོང་དུས་ངའི་སེམས་ཁུང་གི་མི།
ཁྱོད་ལ་ཤོར་བའི་ངའི་དམར་ཆུང་གི་སེམས།
ངས་ཁྱོད་ལ་ཚིག་གསུམ་བཤད་ན།
ཁྱོད་ཀྱིས་ང་ལ་ལན་ཞིག་གནང་རོགས།
ཁྱོད་དང་འཕྲད་དུས་ངའི་སེམས་ཁུང་གི་མི།
ཁྱོད་རང་དྲན་དུས་ངའི་ཡ་ཆུང་གི་སྲོག
ང་ཁྱོད་དང་འགྲོག་ན་བསམ་དུས།
ང་རང་བཞག་ནས་རྒྱང་ལ་མ་འགྲོ
ཁྱོད་དང་འཛོམས་དུས་ངའི་སེམས་ཁུང་གི་མི།
ཁྱོད་རང་དགའ་དུས་ངའི་ངོ་གདོང་གི་འཛུམ།
ང་ཁྱོད་ལ་དུང་བ་ཡིན་པས།
ཁྱོད་ཀྱིས་ང་རང་སེམས་ལ་འཛིན་རོགས།
ཁོད་དང་བྲལ་དུས་ངའི་སེམས་ཁུང་གི་མི།
ཁོད་རང་གླེང་དུས་ངའི་མིག་གོང་གི་ཆུ།
ངས་ཁྱེད་ལ་བཅོལ་བའི་སེམས་འདི།
ཁྱོད་རང་སོང་རྗེས་གཏན་དུ་འཁྱགས་སོང་།