陈里俄日 - 感恩父母
词:泽让东珠
曲:陈里俄日
གཉོམ་ཆུང་ཚེ་སྲོག་ཕྲ་མོ།།
ཕ་མས་བྱམས་སེམས་འོག་ནས།།
ལག་ཟུང་དྲོན་མོས་གཉོར་ཏེ།།
འཇིག་རྟེན་མི་ཡུལ་བསྐྱངས་སོང་།།
བཀའ་དྲིན་ཅན་གྱི་ཕ་མ།།
བུ་ལ་བརྩེ་བས་གཟིགས་རོགས།།
ཕ་མ་ཡ་་་་་ཕ་མ་་་་་་བཀའ་དྲིན་ཅན་གྱི་ཕ་མ།
ཕ་མ་ཡ་་་་་ཕ་མ་་་་་་བུ་ལ་བརྩེ་བའི་གཟིགས་རོགས།།
མཛེས་པའི་ལང་ཚོ་ཐུང་ཐུང་།།
སད་དང་སེར་བའི་འཇོམས་ཏེ།།
ཁྲག་དང་སྡུག་གི་ཀློང་ནས།།
མུན་པའི་ཡུལ་དུ་འཛོམས་སོང་།།
བཀའ་དྲིན་ཅན་གྱི་ཕ་མ།།
བུ་ལ་ཡིད་ཆེས་གནང་རོགས།།
ཕ་མ་ཡ་་་་་ཕ་མ་་་་་་བཀའ་དྲིན་ཅན་གྱི་ཕ་མ།
ཕ་མ་ཡ་་་་་ཕ་མ་་་་་་བུ་ལ་ཡིད་ཆེས་གནང་རོགས།།
མི་ལུས་མི་ཡུལ་ན་ཡོད་ཀྱང་།།
ཚེ་སྲོག་གཞན་ལག་ན་ཡོད་པས།།
ཉམ་ཆུང་ཉམ་ཐག་འདི་བསམ་ན།།
མི་སེམས་སྡུག་བསྔལ་གྱིས་ཁེངས་འགྲོ།།
བཀའ་དྲིན་ཅན་གྱི་ཕ་མ།།
བུ་ལ་སྙིང་སྟོབས་སྩོལ་རོགས།།
ཕ་མ་ཡ་་་་་ཕ་མ་་་་་་བཀའ་དྲིན་ཅན་གྱི་ཕ་མ།
ཕ་མ་ཡ་་་་་ཕ་མ་་་་་་བུ་ལ་སྙིང་སྟོབས་སྩོལ་རོགས།།
ཕ་མ་ཡ་་་་་ཕ་མ་་་་་་བཀའ་དྲིན་ཅན་གྱི་ཕ་མ།
ཕ་མ་ཡ་་་་་ཕ་མ་་་་་་བུ་ལ་སྙིང་སྟོབས་སྩོལ་རོགས།།
ུ་ལ་སྙིང་སྟོབས་སྩོལ་རོགས།།