作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ང་ཡི་མིག་ཆུ།༽
ཚིག་ རྒྱལ་མཚན་ནོར་བུ།།
གདངས་ བསྒྱུར་བཟོ།།
གཞས་པ་ རྒྱལ་མཚན་ནོར་བུ།།
གཞས་ཚིག་སྒྲིག་བཟོ་འགྲེམ་སྤེལ་ སྒང་·ལྷག་རྒོད།།
སྟོན་དུས་ལྗོན་ཤིང་ལོ་མ་ཟག།།
མེ་ཏོག་ས་ལ་ལྷུང།།
གྲང་སིལ་སིལ་རླུང་བུས།།
ངེད་གཉིས་ཀྱི་བརྩེ་དུང་འཁྱེར།།
ཁྱེད་ཀྱི་མཛེས་པའི་ཞལ་རས་དེ།།
ག་ལེར་ང་ཡི་མིག་མདུན་དུ་ཡལ།།
ང་ཡི་མིག་ཆུ་རང་དབང་མེད་པར་ཤོར།།
བརྩེ་དུང་ཟེར་བ་གང་ཡིན་ན།།
སུ་ཡིས་ང་ལ་གསུང།།
བརྩེ་དུང་གི་རྟག་ཏུ་སྡུག་བསྔལ་བཟོ་གིས།།
ང་ཁྱེད་ལ་འབྲེལ་བའི་གོ་སྐབས་མ་བྱུང།།
ཡང་སྙིང་ང་དང་བྲལ་དགོས་དོན་གང་ཡིན་ནམ།།
ང་ཡི་མིག་ཆུ་སུའི་ཆེད་དུ་རེད།།
སུ་ཡིས་ང་ཡི་སེམས་པ་ཤེས་སམ།།
ང་ཡི་སེམས་ལ་ཕོག་སྡུག་བྱུང་ཡང།།
ད་དུང་སུ་ཡིས་ང་ལ་སེམས་གསོ་བྱེད།།
ང་ཡི་མིག་ཆུ་སུའི་ཆེད་དུ་རེད།།
སུ་ཡིས་ང་ཡི་སེམས་པ་ཤེས་སམ།།
ང་ཡི་བརྩེ་དུང་ལྷད་མེད་ཡིན་ཡང།།
ད་དུང་སུ་ཡིས་ང་ལ་བསམ་ཤེས་བྱེད།།
བོད་གཞས་གསན་པར་ཐུགས་རྗེ་ཆེ།།
འགྲེམ་སྤེལ་ སྒང་·ལྷག་རྒོད།།
བརྩེ་དུང་ཟེར་བ་གང་ཡིན་ན།།
སུ་ཡིས་ང་ལ་གསུང།།
བརྩེ་དུང་གི་རྟག་ཏུ་སྡུག་བསྔལ་བཟོ་གིས།།
ང་ཁྱེད་ལ་འབྲེལ་བའི་གོ་སྐབས་མ་བྱུང།།
ཡང་སྙིང་ང་དང་བྲལ་དགོས་དོན་གང་ཡིན་ནམ།།
ང་ཡི་མིག་ཆུ་སུའི་ཆེད་དུ་རེད།།
སུ་ཡིས་ང་ཡི་སེམས་པ་ཤེས་སམ།།
ང་ཡི་སེམས་ལ་ཕོག་སྡུག་བྱུང་ཡང།།
ད་དུང་སུ་ཡིས་ང་ལ་སེམས་གསོ་བྱེད།།
ང་ཡི་མིག་ཆུ་སུའི་ཆེད་དུ་རེད།།
སུ་ཡིས་ང་ཡི་སེམས་པ་ཤེས་སམ།།
ང་ཡི་བརྩེ་དུང་ལྷད་མེད་ཡིན་ཡང།།
ད་དུང་སུ་ཡིས་ང་ལ་བསམ་ཤེས་བྱེད།།
ང་ཡི་མིག་ཆུ་སུའི་ཆེད་དུ་རེད།།
སུ་ཡིས་ང་ཡི་སེམས་པ་ཤེས་སམ།།
ང་ཡི་བརྩེ་དུང་ལྷད་མེད་ཡིན་ཡང།།
ད་དུང་སུ་ཡིས་ང་ལ་བསམ་ཤེས་བྱེད།།
滚动歌词贡献者:岗•拉贵