དྲིན་ཆེན་ཕ་མའི་དྲན་གསོ།།
ཚིག། ཁྲ་འཛུམ་དགའ།།
དབྱངས། དམངས་ཁྲོད།
གཞས་མ། ཀུན་བཟང་དབང་མོ།།
དགུང་ཉི་མ་ནུབ་རི་བརྒལ་བའི་དུས། །
དྲིན་ཕ་མའི་ཞལ་རིས་ཡིད་ལ་འཁོར། །
ཐུགས་སྙིང་རྗེ་ཅན་གྱི་ཕ་མ་གཉིས། །
ལུས་ནད་མེད་ཡོང་བའི་སྨོན་ལམ་འདེབས། །
དཔྱིད་ཁུ་བྱུག་ཐེངས་གསུམ་གྲག་པའི་དུས། །
དྲིན་ཕ་མའི་གདམས་ངག་སེམས་ལ་འཁོར། །
ལུས་ལང་ཚོ་རྒས་པའི་ཕ་མ་གཉིས། །
གསུང་སྙན་འགྱུ་ལྡན་པའི་སྨོན་ལམ་འདེབས། །
མདང་ཟླ་འོད་མུན་པ་སེལ་བའི་དུས། །
བྱམས་བརྩེ་བ་འཁྱིལ་བའི་ཕ་མ་དྲན། །
ཚེ་མི་རྟག་ལ་ཁར་ཐོན་ན་ཡང་། །
ཁྱེད་སྐུ་ཚེ་བར་ཆད་མེད་པར་ཤོག །