作词 : 民间
作曲 : 民间
录音/混音/母带:1030Studio
ལོ་ཆུང་མཛེས་སྡུག་ལྡན་པའི།
གངས་རི་ཞིང་ཁམས་ལ།
འཇའ་ཚོན་འོད་ཀྱི་གུར་ཁང་ན།
གསེར་ཁྲི་པདྨའི་སྟེང་ལ།
ཨོ། ནམ་མཁའི་ལྷ་མོ་བཞུགས་ཡོད།
ཞལ་རས་པདྨའི་འཛུམ་མདངས།
ཀུན་ལ་བྱམས་སེམས་ཆེ་བ།
ཨོ། ནམ་མཁའི་ལྷ་མོ།
ཨོ། ནམ་མཁའི་ལྷ་མོ་ལོའོ།
ཀུན་ལ་བྱམས་སེམས་ཆེ་བ།
ཨོ། ནམ་མཁའི་ལྷ་མོ།
མཛེས་སྡུག་ཡིད་དབང་འཕྲོག་པའི།
གངས་རིའི་ཞིང་ཁམས་ན།
འཇའ་ཚོན་འོད་ཀྱི་གུར་ཁང་ན།
མཛེས་པའི་མེ་ཏོག་ས་བོན།
ཨོ། ཡུལ་ལུང་འདི་རུ་བཀྲམ་བྱུང་།
མེ་ཏོག་བཞད་ཁ་ཕྱེ་སོང་།
ཡུལ་ལ་བདེ་སྐྱིད་བྱུང་སོང་།
ཨོ། ནམ་མཁའི་ལྷ་མོ།
ཨོ། ནམ་མཁའི་ལྷ་མོ་ལོའོ།
ཡུལ་ལ་བདེ་སྐྱིད་བྱུང་སོང་།
ཨོ། ནམ་མཁའི་ལྷ་མོ།
ཨོའོ། ནམ་མཁའི་ལྷ་མོ་ལོའོ།
ཡུལ་ལ་བདེ་སྐྱིད་བྱུང་སོང་།
ཨོ། ནམ་མཁའི་ལྷ་མོ།
ཡུལ་ལ་བདེ་སྐྱིད་བྱུང་སོང་།
ནམ་མཁའི་ལྷ་མོ་བཞུགས་ཡོད།