作词 : 东周
作曲 : 罗萨
编曲 : 小K
遇见你
ལམ་ཐུག་བྱུང་བའི་མི།
作词:东周
གཞས་ཚིག མ་ཎི་དོན་འགྲུབ།
གཞས་གདངས བློ་གསར།
ཡེ
ཡག་པ་གཡུ་ཆུང་དྲུག་དཀར། །
ལམ་ནས་རྙེད་པའི་གཡུ་རེད། །
ལམ་ཐུག་བྱུང་བའི་མི་ལ། །
བརྩེ་བའི་ལས་འཕྲོ་ཤོད་དམ། །
མིག་གི་བལྟ་ཕྱོགས་གཅིག་གིས། །
མི་ཚེ་འདིའི་འདུན་མ་ཐེབས་བྱུང་། །
ཡེ
ཡག་པ་ཁྲ་ཆུང་མིག་གཉིས། །
དངུལ་དཀར་སྒྲོག་གུ་ཆ་གཅིག།
གྲོལ་ན་སྒྲོག་གུ་ཆ་གཅིག།
མ་གྲོལ་རྨི་ལམ་ཆ་གཅིག།
ཡེ
ཚུར་ལ་བལྟས་བའི་མིག་འདིས། །
མ་བལྟས་ཚུར་ལ་བལྟས་བྱུང་། །
འགྲོ་ཞོར་ལམ་ནས་བལྟས་བྱུང་། །
མི་ཡི་སེམས་ལ་བལྟས་བྱུང་། །
མ་བཤད་ཐུགས་ཀྱི་བཞེད་དགོང་། །
སོ་སོའི་སེམས་སུ་འཁྲུང་སོང་། །
ཡེ
ཡག་པ་ཁྲ་ཆུང་མིག་གཉིས། །
དངུལ་དཀར་སྒྲོག་གུ་ཆ་གཅིག།
བཏབ་ན་ལང་ཚོའི་ཕྲ་རྒྱན། །
ཉར་ན་མི་ཚེའི་གདོངས་གྲོགས། །