作词 : 民间
作曲 : 民间
编曲 : 尼玛乐队
ཨ་ཤེད།
ང་རྫ་རི་བརྒྱུད་ནས་འགྲོ་དུས་ན།
ངའི་འགྲོ་རོགས་ཤ་བ་གཡུ་མོ་ཡིད།
འགྲོ་ཟེར་ན་གཡུ་མོ་མི་འགྲོ་གི
བསྐྱུར་བསམ་ན་བློས་ཀྱི་མི་ཐོང་གི
ཨ་ཤེད།
ང་ནགས་རི་བརྒྱུད་ནས་འགྲོ་དུས་ན།
ངའི་འགྲོ་རོགས་བྱེའུ་ཆུང་འཇོལ་མོ་རེད།
འགྲོ་ཟེར་ན་འཇོལ་མོ་མི་འགྲོ་གི
བསྐྱུར་བསམ་ན་བློས་ཀྱི་མི་ཐོང་གི
འགྲོ་ཟེར་ན་འཇོལ་མོ་མི་འགྲོ་གི
བསྐྱུར་བསམ་ན་བློས་ཀྱི་མི་ཐོང་གི
ཨ་ཤེད།
ང་སྡེ་རི་བརྒྱུད་ནས་འགྲོ་དུས་ན།
ངའི་འགྲོ་རོགས་ཆུང་འདྲིས་རོགས་ལོ་རེད།
འགྲོ་ཟེར་ན་རོགས་ལོ་མི་འགྲོ་གི
བསྐྱུར་བསམ་ན་བློས་ཀྱི་མི་ཐོང་གི
འགྲོ་ཟེར་ན་རོགས་ལོ་མི་འགྲོ་གི
བསྐྱུར་བསམ་ན་བློས་ཀྱི་མི་ཐོང་གི