编曲 : 比如扎西音乐圈
བརྩེ་དུང་གི་རྨ་ཁ།
ཚིག ཚེ་འཕེལ།
དབྱངས། ཚེ་འཕེལ།
གཞས་གཏོང་མཁན། ཚེ་འཕེལ།
བརྩེ་དུང་གི་རྨ་ཁ་འཐེབ་དུས།།
ཆང་འཐུང་ཡང་བཟི་རྒྱུ་མེད་གི
གླུ་བླངས་ཀྱང་སྙན་མོ་མེད་གི
སེམས་དམར་པོས་མནར་གཅོད་མྱོང་གི །
བརྩེ་དུང་གི་རྨ་ཁ་འཐེབ་དུས།།
མཚན་རིང་མོར་གཉིད་ཀྱང་མེད་གི
ཤ་རུས་པའི་ལུས་ཀྱང་སྐམ་སོང་།།
སྙིང་དམར་པོ་ནད་གཞི་ཐེབས་གི
བརྩེ་དུང་གི་རྨ་ཁ་བཟོས་དུས།།
སྙིང་དམར་པོ་འཁྱག་གིས་བསྡམ་སོང་།།
སེམས་ཕྲ་མོའི་ཚོར་སྣང་བོར་སོང་།།
བརྩེ་དུང་ལ་རྩེད་མོ་མ་རྩེ།།