作词 : 尖·扎才
作曲 : 堪本
བློས་མི་དཔོག 心不堪忍
ཚིག གཅན་བཀྲ་ཚེ།作词:尖·扎才
དབྱངས། མཁའ་འབུམ།作曲:堪本
ལེན་མཁན། སྙན་་བཟང་རྡོ་རྗེ།原唱:念桑多杰
ང་གོམ་པ་སྤོ་ཤེས་པ་ཙམ་གྱི་དུས་སུ།当我蹒跚学步的时候
ང་དྭ་ཕྲུག་ལྟ་བུར་གྱུར་པའི་ཚེ་ན།孤儿般沦落低谷时候
ཁྱེད་ཀྱིས་ང་ལ་སྙིང་རྗེའི་རྟེན་ཁང་བཞེངས་སོང་།你为我筑造精神的殿堂
ཁྱེད་ཀྱིས་ང་ལ་སྙིང་རྗེའི་རྟེན་ཁང་བཞེངས་སོང་། 你为我筑造精神的殿堂
བུ་ང་ཉིང་ལག་རྒྱས་པའི་དུས་སུ།当我羽翼渐丰的时候
ཁྱེད་ཀྱི་ལུས་ཕུང་ལོ་མ་སེར་པོ་ལ།您人生变成晚秋黄叶
མི་འདོད་བསེར་བུ་ལྡང་ནས་ས་ལ་ལྷུང་སོང་།随一阵寒风飘落飘远
ཀྱེ་མ་ཧུད།ཀྱེ་མ་ཧུད།悲痛哉 悲痛哉
གནམ་རྒན་མ་འདི་ཅི་ཞིག་སུ་ལན་སོང་གང་མ་འགྲིག་བློས་མི་དཔོག我想不明白老天爷这究竟是怎么了
ང་ལ་དྲིན་ལན་འཇལ་ལོང་མ་བྱིན་ཡང་།未来的及报答恩重如山
སྙིང་རྗེའི་སྤྱན་གྱིས་བསྐྱངས་པའི་འཛུམ་དམུལ་གདོང་།您充满微笑的慈祥脸胖
རྡོ་ལ་རི་མོ་བརྐོས་པ་བཞིན་དུ་མ་བརྗེད་སེམས་ན་ཡོད།深深雕刻我今生的心灵深处
ངས་སྐད་ཆ་བཤད་ཤེས་པ་ཙམ་གྱི་དུས་ནས།当我牙牙学语的时候
ང་འཁྱམ་མྱུལ་འཚོ་བ་རོལ་བའི་ཚེ་ན།游子般外出流浪时候
ཁྱེད་ཀྱིས་ང་ལ་བྱམས་བརྩེའི་ལག་པ་བརྐྱངས་བྱུང་།您为我伸出慈爱的双手
ཁྱེད་ཀྱིས་ང་ལ་བྱམས་བརྩེའི་ལག་པ་བརྐྱངས་བྱུང་། 您为我伸出慈爱的双手
བུ་ང་སློབ་མཐར་ཕྱིན་པའི་དུས་སུ།当我毕业校园的时候
ཁྱེད་ཀྱི་མི་ཚེ་ཟློས་གར་ལྟ་བུ་ལ།您富有情感人生剧本
མི་འདོད་རྐྱེན་ངན་ཕོག་ནས་འཁྲབ་མཚམས་བཞག་སོང་།因一场绝症谢幕告终
ཀྱེ་མ་ཧུད།ཀྱེ་མ་ཧུད།悲痛哉 悲痛哉
གནམ་རྒན་མ་འདི་ཅི་ཞིག་སུ་ལན་སོང་གང་མ་འགྲིག་བློས་མི་དཔོག 我想不明白老天爷这究竟是怎么了
ང་ལ་དྲིན་ལན་འཇལ་ལོང་མ་བྱིན་ཡང་། 未来的及报答恩重如山
སྙིང་རྗེའི་སྤྱན་གྱིས་བསྐྱངས་པའི་འཛུམ་དམུལ་གདོང་། 您充满微笑的慈祥脸胖
རྡོ་ལ་རི་མོ་བརྐོས་པ་བཞིན་དུ་མ་བརྗེད་སེམས་ན་ཡོད། 深深雕刻我今生的心灵深处