作词 : 索多
作曲 : 智王桑珠
编曲 : 金强
藏语翻译:岗尖土登扎西
录音:巴·阿普
后期:仔仔
ཚར་དཀར་གོས་ཀྱི་འཕྱོར་ལྭ་གྱོན་སྲོལ་ཡག།
གཡུ་དང་བྱུ་རུའི་སྐེ་རྒྱན་སྐེ་ལ་མཛེས། ཡ།
ཕ་མའི་བཀྲ་ཤིས་ཁ་གཡང་འབོད་སྲོལ་ཡག།
གྲོགས་དང་གཉེན་གྱིས་ལྷ་དར་དཀར་པོ་ཕུལ། ཡ། ཡེ།
གྲོགས་དང་གཉེན་གྱིས་ལྷ་དར་དཀར་པོ་ཕུལ། ཡ།
མག་གསར། མག་གསར། ཡེ།
བག་གསར། བག་གསར།
ཁྱེད་ནི་ནམ་མཁའི་དབྱིངས་ཀྱི་ལྷ་བྱ་ཆ་གཅིག་ཡིན།
བདེ་སྐྱིད་དཔལ་ལ་རོལ་བར་ཤོག།
མག་གསར། མག་གསར། ཡེ།
བག་གསར། བག་གསར།
ཁྱེད་ནི་ནམ་མཁའི་དབྱིངས་ཀྱི་ལྷ་བྱ་ཆ་གཅིག་ཡིན།
བདེ་སྐྱིད་དཔལ་ལ་རོལ་བར་ཤོག།
ཕན་ཚུན་ལས་ཀྱི་གདམ་ཀ་གཅིག་ཏུ་འདྲེས།
བརྩེ་བའི་གུར་ཁྱིམ་དྲོད་མོ་མཉམ་དུ་བསུས། ཡ།
བརྩེ་སེམས་གཅིག་ལ་འདྲེས་པའི་དམ་བཅའ་ཡོད།
ཚེ་གཅིག་མཉམ་དུ་རྒས་པའི་སྨོན་ལམ་ཡོད། ཡེ།
ཚེ་གཅིག་མཉམ་དུ་རྒས་པའི་སྨོན་ལམ་ཡོད། ཡ།
མག་གསར། མག་གསར། ཡེ།
བག་གསར། བག་གསར།
ཁྱེད་ནི་ནམ་མཁའི་དབྱིངས་ཀྱི་ལྷ་བྱ་ཆ་གཅིག་ཡིན།
བདེ་སྐྱིད་དཔལ་ལ་རོལ་བར་ཤོག།
མག་གསར། མག་གསར། ཡེ།
བག་གསར། བག་གསར།
ཁྱེད་ནི་སྤང་རྒྱན་མེ་ཏོག་ཆ་གཅིག་ཡིན།
དགའ་འཛོམས་ཀྱི་ལོ་ཟླ་རིང་བར་ཤོག།
མག་གསར། མག་གསར། ཡེ།
བག་གསར། བག་གསར།
ཁྱེད་ནི་ཁྱིམ་གཞིས་ཤིག་གི་ནང་འཛིན་ཡིན།
མི་ཚེ་འཛུམ་གྱིས་བསུ་བའི་སྨོན་ལམ་འདེབས།
མག་གསར། མག་གསར། ཡེ།
བག་གསར། བག་གསར།
ཁྱེད་ནི་དྲིན་ཆེན་ཕ་མའི་གཅེས་ཕྲུག་ཡིན།
མ་འོངས་བདེ་སྐྱིད་ལྡན་པར་སྨོན།
མ་འོངས་བདེ་སྐྱིད་ལྡན་པར་སྨོན།