作词 : འབྲོག་མེས་ཟུངས་།།
作曲 : དམངས་ཁྲོད་།
编曲 : 旦增轮珠
སྐྱིད་པོ་འབྲོག་གི་འཚོ་བ།
གཞས་པ། ཨ་རིགས་ཚེ་རིང་སྐར་མ།།
དབྱངས། དམངས་ཁྲོད།།
ཚིག་ འབྲོག་མེས་ཟུངས་ནས།།
སྒྲིག་བཟོ་། བསྟན་འཛིན་ལྷུན་འགྲུབ་།།
སྤེལ་མཁན་། གཞན་ཕན་དབང་འདུས་།།
སྐྱིད་ལ་འབྲོག་པའི་ས་དང་འབྲོག་གི་ཡུལ།།
སྐྱིད་ལ་འབྲོག་པའི་ས་ལ་རྩྭ་ཐང་རྒྱས།།
ཡུལ་ལ་ཕྱུགས་རིགས་འཕེལ།།
སྐྱིད་ལ་འབྲོག་པའི་ཟས་དང་འབྲོག་པའི་གོས།།
སྐྱིད་ལ་འབྲོག་པའི་ཟས་ལ་ཤ་མར་འཛོམས།།
གོས་ལ་ཚར་དཀར་འཇམ།།
སྐྱིད་ལ་འབྲོག་པའི་སེམས་དང་འབྲོག་པའི་གཏམ།།
སྐྱིད་ལ་འབྲོག་པའི་སེམས་ལ་གཡོ་ལྷད་ཉུང་།།
གཏམ་ལ་སྐྱག་རྫུན་དཀོན།།
ཡོངས་ཁུང།། ཨ་ཁུ་འབྲོག་པ་སྒྱུ་རྩལ་སྤྱི་སྟེགས།།