作词 : 琼太加
作曲 : 阿德青梅才让
བསྐལ་བ་ཡག་བྱུང་།
好时光
ཚིག:ཁྱུང་ཐར་རྒྱལ།
词:琼太加
དབྱངས:ཨ་ཏི་འཆི་མེད་ཚེ་རིང།
曲:阿德青梅才让
རོལ་མོ:ཏན་ཏན།
编曲:旦旦
གཞས་པ:ཨེ་སུ་ལས།
演唱:艾斯凌
ད་ལོ་བསྐལ་བ་ཡག་བྱུང།
今年好时光
བསྐལ་བ་ཡག་པའི་ལོ་ལ།
幸运吉祥之年
གནམ་ལ་ཆར་ཆུ་འཛོམས་བྱུང།
天上雨水充足
ས་ནས་ལོ་ཏོག་སྨིན་སོང།
地上庄稼成熟
འབྲུ་དྲུག་གཡང་དུ་བསྙལ་ནས།
把六谷福临门
བཙགས་པའི་ནས་ཆང་སྔོན་མོ།
酿成的青稞酒
འཐུང་བའི་བསོད་ནམས་ལྡན་པ།
喝的很有福气
བསྐལ་བ་བཟང་པོའི་རྟགས་རེད།
是好时光的象征
ད་ལོ་བསྐལ་བ་ཡག་བྱུང།
今年好时光
བསྐལ་བ་ཡག་པའི་ལོ་ལ།
幸运吉祥之年
ས་ལ་རྩི་བཅུད་རྒྱས་ནས།
土壤养分丰富
ཕྱུགས་ཟོག་འཕེལ་ཁ་ཡག་བྱུང།
羊牛品质良好
གཡང་གི་ལྷས་རྭའི་ནང་ལ།
畜牧牧场圈里
ཕྱུག་གི་རུ་མ་བསྙལ་ཡོད།
家畜繁殖满了
དཀར་ཆུ་འོ་མའི་རྒྱ་མཚོ།
牛奶如大海
བསྐལ་བ་བཟང་པོའི་རྟགས་རེད།
是好时光的象征
ད་ལོ་བསྐལ་བ་ཡག་བྱུང།
今年好时光
བསྐལ་བ་ཡག་པའི་ལོ་ལ།
幸运吉祥之年
གཡང་གི་གཞས་ར་ཁྲ་མོ།
吉祥歌舞表演
ཕུ་ནུ་ལྷན་འཛོམས་བྱུང་སོང།
弟兄一起团聚
ཆང་མ་ཡེ་ཤེས་མཁའ་འགྲོ།
酒母益西卡卓
གླུ་དང་གར་གྱིས་བརྩེ་བ།
歌声跳舞情结
དེ་རིང་འདི་ཚོགས་ཁྲོམ་པ།
今天这个欢聚
བསྐལ་བ་བཟང་པོའི་རྟགས་རེད།
是好时光的象征
ཆང་མ་ཡེ་ཤེས་མཁའ་འགྲོ།
酒母益西卡卓
གླུ་དང་གར་གྱིས་བརྩེ་བ།
歌声跳舞情结
དེ་རིང་འདི་ཚོགས་ཁྲོམ་པ།
今天这个欢聚
བསྐལ་བ་བཟང་པོའི་རྟགས་རེད།
是好时光的象征
བསྐལ་བ་བཟང་པོའི་རྟགས་རེད།
是好时光的象征
བསྐལ་བ་བཟང་པོའི་རྟགས་རེད།