作词 : 嘎玛顿珠
作曲 : 嘎玛顿珠
ཕུགས་བསམ་གྱི་འབོད་སྒྲ།
གཞས་ཚིག ས་དམར་སྒྲོལ་ཚེ།
དབྱངས། ཐང་ཡོན་ཅུན། སྐར་མ་དོན་གྲུབ།
ལེན་མཁན། སྐར་མ་དོན་གྲུབ།
འདས་ཟིན་ཕྱིར་དྲན་ཡིད་ལ་དྲན་ཐེངས་རེར།
ལང་ཚོའི་དཀའ་ངལ་བུ་ངའི་ཡིད་ལ་འཆར།
རེ་བའི་ཕུགས་བསམ་འཚོལ་བའི་ལམ་ཁ་ནས།
མིག་ཆུའི་གཏམ་རྒྱུད་རྒྱང་རིང་རླུང་ལ་བསྐུར།
འཛུམ་མདངས་མེད་པའི་ཁེར་རྐྱང་ཡན་ལག་འགྲོགས།
ལང་ཚོའི་ཨུ་ཚུགས་ཨ་སྔོན་དགུང་ལ་བཅོལ།
ལོ་ཟླས་ང་ལ་དགོད་སྒྲའི་ལེགས་སྐྱེས་བསྐུར།
རེ་བའི་སྙན་དབྱངས་འོད་ཟེར་ང་ལ་སྦྱིན།
འོ་ཧོ་་་་་་་མདུན་ཕྱོགས་ཀྱི་ལམ་ཁ་ཡངས་མོ་འདི།
འོ་ཧོ་་་་་་ཉིན་མཚན་སེམས་སུ་ཉལ་བའི་ཕུགས་བསམ་ཡིན།
འོ་ཧོ་་་་་་རང་གི་གཟུགས་བརྙན་འཚོལ་བའི་ལང་ཚོ་འདིར།
འོ་ཧོ་་་་་་་བྱ་ཆེན་རྒོད་པོའི་གཤོག་རྩལ་འཛོམས་པར་སྨོན།
ཕུགས་བསམ་ཟེར་བའི་མིང་ཚིག་འོད་ཆེན་འདི།
ས་མཐའི་མི་བུ་ང་ཡི་ཡོད་ཚད་ཡིན།
རྔུལ་ཆུའི་ཕྱིར་དྲན་ཡིད་ལ་དྲན་ཐེངས་རེར།
སྙིང་གི་ཡོད་ཚད་ལང་ཚོར་ཕྲ་རྒྱན་བཀོད།
འོ་ཧོ་་་་་་་མདུན་ཕྱོགས་ཀྱི་ལམ་ཁ་ཡངས་མོ་འདི།
འོ་ཧོ་་་་་་ཉིན་མཚན་སེམས་སུ་ཉལ་བའི་ཕུགས་བསམ་ཡིན།
འོ་ཧོ་་་་་་རང་གི་གཟུགས་བརྙན་འཚོལ་བའི་ལང་ཚོ་འདིར།
འོ་ཧོ་་་་་་་བྱ་ཆེན་རྒོད་པོའི་གཤོག་རྩལ་འཛོམས་པར་སྨོན།