作词 : 风
作曲 : 龙珠
སེམས་ཀྱི་གཞས།
གཞས་པ།ཨོ་རྒྱན་འཕྲིན་ལས།
རླུང་། ཁྲི་འདུ།
གཞས་གདངས། ལྷུན་འགྲུབ།
རོལ་མོ། ཤེར་བྷ།
དྲིན་ཕ་མ་སེམས་ཀྱི་ཉི་ཟླ་རེད།།
འདི་ཡན་གི་ཉི་ཟླ་ཡོད་སྣང་མེད།།
བྱམས་བརྩེ་བ་གོ་ལའི་ཡང་རྩེ་རེད།།
འདི་ཡན་གི་བྱམས་བརྩེ་ཡོད་སྣང་མེད།།
ཨ........ཕ་མ ཨ........
དྲིན་ཆེན་པོ་དགེ་རྒན་དམ་པ་ཡིན།།
སྐད་ཡི་གེ་སློབ་ཞོར་བྱམས་ཀྱིས་སྐྱོང་།།
བོད་དབྱངས་གསལ་གཙང་དག་ཤེས་པ་ཡང་།།
དགེན་དམ་པའི་ངག་སྒྲོས་རྐྱང་བ་ཡིན།།
ཨ.....དགེ་རྒན ཨ.......
དྲིན་ཆེན་པོ་མ་ཡུམ་སློབ་གླིང་འདི།།
ང་ཆུང་ཆུང་བྱིས་པའི་རྩེད་ར་ཡིན།།
ཁ་ན་ཟླ་རྩེ་རོགས་མང་ས་ཡིན།།
སེམས་དགའ་བའི་གནས་མཆོག་དམ་པ་ཡིན།།
ཨ....སློབ་གླིང ཨ....