༼ཉེན་ཁའི་མུ་འགྲམ་༽ 危机边缘
གཞས་པ་ བློ་བཟང་འཇིག་མེད་
ད་་་སེམས་པ་སྐྱོ་བྱས་མ་སྡོད་ བསམ་བློ་བཏང་བྱས་མ་སྡོད་
ང་གཉིས་ཕན་ཚུན་དོག་པས ལ་ནི་ཡིད་ཆེས་བྱས་མེད་
ངས་ཟེར་ར་པ་ སྔོན་མ་ ངས་རང་ཟེར་ར་པ་
ང་གཉིས་ཐག་རིང་པོ་ག་ཚོད་ཡོད་ནས་ཆ་རེད་ད་
ཡིན་ནས་ཕན་ཚུན་ཡིད་ཆེས་མང་ཙམ་བྱེད་དགོ་རེད་ད
བསམ་བློ་གང་བྱུང་མང་བྱུང་མ་གཏང་པ་བྱས་ སོ་སོ་མ་སྐྱིད་པ་མ་བྱེད་ཨ་
རེད་ ཐུག་ཡ་མེད་ཙང་ ངས་ག་རེ་བྱེད་གི་ཡོད་མེད་ཧ་གོ་གིས་མ་རེད་
ཁ་པར་བཞག་ཚར་དུས་རྐྱག་རྫུན་་བཤད་དགོས་བསམ་གི་ཡོད་རེད་
དྲང་པོ་བྱད་དགོ་ ང་ལས་བསམ་བློ་ཨེན་འདྲ་འཁོར་གིས་
རང་གི་འཁྲིས་ལ་་ཕྲུ་གུ་གཞན་པས་ཞིག་མེད་འགྲོ་བསམ་བྱས་སེམས་ཁྲལ་བྱེད་གིས་
ད་འདི་སོ་སོས་སོ་སོ་མ་སྐྱིད་་པ་རང་རེད་
བྱས་ཙང་ ང་གཉིས་རྟགས་པར་རྒྱག་རེས་ཤོར་བྱས་བསྡད་ ཁ་རྩོད་རྒྱབ་བྱས་བསྡད་
ངས་གཅིག་བྱས་ཤག་ རང་གཅིག་བྱས་ཤག་ སྐད་ཆ་ཅིག་གོ་མ་ཞི་གཞན་པས་སེམས་ནང་སྐད་ཆ་ལབ་ཡ་ཡོད་ཀྱོ་དེ་ཚོ་ལབ་མ་ཤེས་པའི་ཟོ་ར་ཞིག་
ཉིན་ལྟར་རེ་ཞིག་སེམས་སྐྱིད་པོ་མིན་འདུག་
ད་དུང་རང་དང་འདུག་སེ་ལག་པ་གློད་་ཉིན་བྲོ་གི་མིན་འདུག་
ཡིན་ནས་ང་གཉིས་ཕན་ཚུན་ཡིས་ཆེས་ཞེ་དྲག་མིན་འདུག་
ངས་ག་རེ་བྱས་ནས་ཕན་གལ་ཐོག་མ་སོང་
ད་་་སེམས་པ་སྐྱོ་བྱས་མ་སྡོད་ བསམ་བློ་བཏང་བྱས་མ་སྡོད་
ང་གཉིས་ཕན་ཚུན་དོག་པས ལ་ནི་ཡིད་ཆེས་བྱས་མེད་
འདི་འདྲས་མ་བྱུང་ན་ ད་ཁ་བྲལ་ན་ གཉིས་ཅ་ལ་སེམས་ཁྲལ་ག་གལ་མེད་
ལོ་གཅིག་གོང་ལ་བསམ་བློ་གཏོང་དང་
ངས་རྟགས་པར་རང་ལ་ཁ་པར་ནང་ལ་ལབ་གི་འདུག་ག་
དེ་དུས་ང་གཉིས་ས་ཆ་ཅིག་ལ་ཡོད་པའི་དུས་ཚོད་ཞིག་་མེད་པས་
གཉིས་ཅ་ཕན་ཚུན་དོག་པ་ཅི་ཡས་མེད་པའི་སྐྱིད་པོ་ག་ཚོད་
འོ་་དེ་དུས་ཙམ་པ་ ང་གཉིས་སེམས་ལ་ཉར་བསྡད་པ་དང་ནམ་རྒྱུན་བསམ་བློ་གཏོང་དང་
མི་གཞན་པས་གི་ཟེར་དུས་ གཉམ་དུ་མེད་དུས་
ཁྱོལ་གི་མ་རེད་ཟེར་ཉན་དེ་ཚོས་ གང་བྱུང་མང་བྱུང་བཤད་དུས་
ཁོ་ཚོས་ང་གཉིས་གཉམ་པོའོ་ལམ་ཀ་ག་ཚོད་ཕྱིན་མིན་ཧ་གོ་གི་མེད་པ་
གཤད་ཡ་དབང་ཆ་མེད་པ་
གཅིག་བྱས་ན་ ཁོ་ཚོར་ཉམ་མྱོང་ཁ་ཤས་ཡོད་ཀྱི་རེད་
ངས་ལས་མཐོང་མྱོང་ཡོད་་
ས་ཆ་གཅིག་ལ་མེད་ཙང་ཁ་བྲལ་ཉན་ཆོག་ཏོ་ཡོ་རེད་
ང་ལས་སེམས་ཁྲལ་བྱེད་གི་ཡོད་ རྟགས་པར་དོ་སྣང་བྱེད་གི་ཡོད་
རྟགས་པར་བཟབས་བཟབས་་བྱས་རྒྱག་རེས་མ་ཤོར་བ་བྱེད་གི་ཡོད་
ས་ཆ་གཉིས་ལ་ཡོད་དུས་ མ་སྐྱིད་པ་ཚ་ཤོས་དེ་རྒྱག་རེས་ རང་དང་རྒྱག་རེས་ཤོར་ཤིག་་མ་སྐྱིད་པ་ཚང་མ་ཡོང་གིས་
ཨ་ནི་འདི་་་མངོན་ནས་་་་མིས་ཟེར་ཡ་དང་ཆ་རེད་ ཁ་པར་ནང་ལ་ག་གལ་བྱེད་ཐུབ་གི་མ་རེད་
ད་་་སེམས་པ་སྐྱོ་བྱས་མ་སྡོད་ བསམ་བློ་བཏང་བྱས་མ་སྡོད་
ང་གཉིས་ཕན་ཚུན་དོག་པས ལ་ནི་ཡིད་ཆེས་བྱས་མེད་
འདི་འདྲས་མ་བྱུང་ན་ ད་ཁ་བྲལ་ན་ གཉིས་ཅ་ལ་སེམས་ཁྲལ་ག་གལ་མེད་
ཁ་ཤས་སྐབས་དུས་རང་འཁྲིས་ལ་ཡོད་པའི་སྣང་བ་འཁོར་ཡོང་གིས་
མིག་ནང་མཐོང་ཡོང་གིས་ མངོན་ནས་རང་དང་ནོར་ཡོང་གི་
ཚང་མ་རྫོགས་ཡོང་གིས་
ང་རང་སོ་སོ་ཡག་པོ་ག་ཚོད་བྱས་བསྡད་ནས་ལས་
རང་གི་མ་མཐོང་པ་ མ་ཚད་པ་ དོག་པས་ཁེངས་བྱས་
ཁ་ཤས་སྐབས་དུས་རང་འཛམ་གླིང་འདིའི་སྒང་ལ་མེད་པའི་ཟོ་ར་ཞིག་
ས་ཆ་གཞན་པས་ལ་ཕྱིན་རྗེས་ང་གཉིས་ངོ་མ་ཤེས་པའི་ཟོ་ར་ཞིག་
ང་རང་གཅིག་པོ་ལྷག་བྱས་ འཐོམ་བྱས་ དགོངས་དག་གཉིད་མ་ཁུག་པ་བྱས་
སེམས་སྐྱོ་བྱས་བསྡད་བྱས་
ད་ མངོན་ནས་བསམ་བློ་ཨེན་འདྲས་གཏང་གི་མིན་ད་
ཤེས་མ་ཞི་གནས་ཚུལ་ལྷག་པ་ ང་གཉིས་ཁ་བྲལ་དགོས་པ་ཞིག་བཟོས་པ་
ད་་གཡུགས་ཞོག་ འདུག་སེ་བཞག་ཞོག་ བསམ་བློ་མ་གཏོང་ སེམས་པ་མ་སྐྱོ་
ད་ལྟ་གཉིས་ཅ་ཕན་ཚུན་དགའ་པོ་ཡོད་པ་དེ་གནས་ཚུལ་ཡག་ཤོས་མ་རེད་པས་
སོ་སོས་སོ་སོར་སྡུག་པོ་ཞེ་དྲག་མ་སྟེར་
མི་གཞན་པས་ཁ་ལ་ཞེ་དྲག་ཞེ་དྲག་མ་ཉན་
ང་འགྱུར་མེད་ རང་ལས་འགྱུར་ཡོད་མ་རེད་
ང་གཉིས་ད་དུང་ལམ་ཀ་ཆོག་ཏོ་འགྲོ་ཡ་ལྷག་ཡོད
ད་་་སེམས་པ་སྐྱོ་བྱས་མ་སྡོད་ བསམ་བློ་བཏང་བྱས་མ་སྡོད་
ང་གཉིས་ཕན་ཚུན་དོག་པས ལ་ནི་ཡིད་ཆེས་བྱས་མེད་
འདི་འདྲས་མ་བྱུང་ན་ ད་ཁ་བྲལ་ན་ གཉིས་ཅ་ལ་སེམས་ཁྲལ་ག་གལ་མེད་
ནོར་འཁྲུལ་ཡོད་ན་བཅོས་རོགས་གནང་།