作词 : 曲尔却
作曲 : 曲尔却
ཁ་ཁ་རེད།
不同
ཚིག་དང་དབྱངས་ཆོས་མཆོག་གིས་བརྩམས།
词曲:曲尔却
ཆོས་མཆོག་དང་སྒྲ་དབྱངས་ལྷ་མོ་གཉིས་ཀྱིས་བླངས།
演唱:曲尔却和扎央拉姆
མཚོ་མ་ཕམ་ཁ་ཡི་མཚོ་བྱ་དང་།།
玛旁圣湖的天鹅
སྟོད་མངའ་རིས་ཡུལ་གྱི་ཨ་ཇོ་གཉིས།།
阿里地区的阿布
གངས་རིན་པོར་མཇལ་ལེ་འདྲ་འདྲ་རེད།།
一样拜见岗底斯神山
དེ་གང་ནས་མི་འདྲ་ཅི་ཞིག་རེད།།
但在何方不同
མཚོ་མ་ཕམ་ཁ་ཡི་མཚོ་བྱ་དང་།།
玛旁圣湖的天鹅
སྟོད་མངའ་རིས་ཡུལ་གྱི་ཨ་ཇོ་གཉིས།།
阿里地区的阿布
གངས་རིན་པོར་མཇལ་ལེ་འདྲ་ན་ཡང་།།
一样拜见岗底斯神山
སེམས་དད་པ་མི་འདྲ་ཁ་ཁ་རེད།།
可心中的信念不同
བྱ་རྨ་བྱའི་སྒྲོ་ཡི་ཐིག་ལེ་དང་།།
孔雀的美丽羽眼
རས་གོས་ཆེན་ཐོག་གི་རི་མོ་གཉིས།།
漂亮的丝绸花纹
མདོག་མཛེས་མོ་ཡིན་ལེ་འདྲ་འདྲ་རེད།།
一样美丽耀眼
དེ་གང་ནས་མི་འདྲ་ཅི་ཞིག་རེད།།
但在何方不同
བྱ་རྨ་བྱའི་སྒྲོ་ཡི་ཐིག་ལེ་དང་།།
孔雀的美丽羽眼
རས་གོས་ཆེན་ཐོག་གི་རི་མོ་གཉིས།།
漂亮的丝绸之花
མདོག་མཛེས་མོ་ཡིན་ལེ་འདྲ་ན་ཡང་།།
一样美丽耀眼
མ་བུ་མོའི་སེམས་ན་ཁ་ཁ་རེད།།
可在姑娘的心中不同
དགོན་ཁྲ་མོའི་ནང་གི་སེར་མོ་དང་།།
身着袈裟的僧人
གནས་ལྔ་རིག་སྦྱོང་བའི་སློབ་མ་གཉིས།།
勤学五明的学生
དྲིན་ཕ་མས་གཅེས་ལེ་འདྲ་འདྲ་རེད།།
一样是父母的儿女
དེ་གང་ནས་མི་འདྲ་ཅི་ཞིག་རེད།།
但在何方不同
དགོན་ཁྲ་མོའི་ནང་གི་སེར་མོ་དང་།།
身着袈裟的僧人
གནས་ལྔ་རིག་སྦྱོང་བའི་སློབ་མ་གཉིས།།
勤学五明的学生
དྲིན་ཕ་མས་གཅེས་ལེ་འདྲ་ན་ཡང་།།
一样是父母的儿女
ལམ་མི་འདྲ་འགྲོ་ས་ཁ་ཁ་རེད།།
可人生的道路不同