༆ཕ་མ་དྲན་གླུ།།
ཚིག གངས་ཕྲུག་རྒྱལ་མཚན།།
གདངས། གངས་ཕྲུག་རྒྱལ་མཚན།།
རོལ་དབྱངས། ངར་ལྕགས་ཟུར་གསུམ་སྨྱན་སྦྱོར།
སྒྲ་འཇུག་ལས་མཇུག ། གངས་ཕྲུག་རྒྱལ་མཚན།།
གཞས་གཏོང་མཁན། སྐྱིད་གྲོང་ཟླ་དོན།།
རམ་འདེགས།། གངས་ཕྲུག་རྒྱལ་མཚན།།
བརྙན་པར་འཁྲབ་འཁྲིད་པ། གངས་ཕྲུག་རྒྱལ་མཚན།།
པར་ལེན་བསྒྲིགས་བཟོ། བོད་ལྗོངས་རི་གསུམ་རིག་གནས།།
རྨི་ལམ་ཞིང་ཁམས་དེ་ནས།།
དྲིན་ཆེ་བའི་ཕ་མ་རྨིས་བྱུང་།།
ཧོབ་དེ་གཉིད་ལས་བསད་དུས།།
སྔས་མགོ་མིག་ཆུས་བརླན་བྱུང་།།
དབྱིངས་ཀྱི་ཐང་དཀར་རྒོད་པར།།
གཤོག་རྩལ་ཡོད་ཀྱང་མ་སྨོན།།
དེ་ལས་མ་མོའི་འགྲམ་གྱི།།
ལུག་ཕྲུག་ཁོང་ལ་སྨོན་བྱུང་།།
དཀོན་མཆོག་གསུམ་ལ་བཏབ་པའི།།
སྨོན་ལམ་འགྲུབ་ཀྱི་ཡོད་ན།།
རྒྱུ་དབང་གསེར་དངུལ་ནོར་བུ།།
ང་ལ་དགོས་ཡས་མིན་འདུག །
ཕ་མར་བར་ཆད་མེད་པའི།།
སྨོན་ལམ་སྒྲུབ་པར་གནང་དང་།།
ཕ་མར་བར་ཆད་མེད་པའི།།
སྨོན་ལམ་སྒྲུབ་པར་གནང་དང་།།
གཞས་ཚིག་ཡིག་བསྒྱུར། གངས་ཕྲུག་རྒྱལ་མཚན།
སྐྱིད་སྡུག་ཤོད་སའི་ཕ་མ།།
ཕ་ཡུལ་ཕྱོགས་ལ་ལུས་སོང་།།
གཞན་ཡུལ་འགྲིམས་པའི་དུས་སུ།།
བློ་གཏད་བཅོལ་ས་མིན་འདུག །
རྒྱུ་དབང་ཡོད་པའི་མི་ལ།།
སྐད་གྲགས་ཆེ་ཡང་མ་སྨོན།།
དེ་ལས་ཕ་མའི་འགྲམ་གྱི།།
ཕལ་པའི་བུ་ལ་སྨོན་བྱུང་།།
གཞན་ཡུལ་སྐྱ་མོ་འདི་རུ།།
རང་སེམས་ཆགས་བརྟེན་མིན་འདུག །
གལ་ཏེ་བསམ་དོན་ལྷུན་འགྲུབ།།
དངོས་སུ་ཡོད་པ་ཡིན་ན།།
བུ་ཆུང་ཕ་མའི་འགྲམ་དུ།།
ལོག་འདོད་བསམ་འདུན་སྒྲུབ་རོགས།།
བུ་ཆུང་ཕ་མའི་འགྲམ་དུ།།
ལོག་འདོད་བསམ་འདུན་སྒྲུབ་རོགས།།
གཞན་ཡུལ་སྐྱ་མོ་འདི་རུ།།
རང་སེམས་ཆགས་བརྟེན་མིན་འདུག །
གལ་ཏེ་བསམ་དོན་ལྷུན་འགྲུབ།།
དངོས་སུ་ཡོད་པ་ཡིན་ན།།
བུ་ཆུང་ཕ་མའི་འགྲམ་དུ།།
ལོག་འདོད་བསམ་འདུན་སྒྲུབ་རོགས།།
བུ་ཆུང་ཕ་མའི་འགྲམ་དུ།།
ལོག་འདོད་བསམ་འདུན་སྒྲུབ་རོགས།།
滚动歌词制作者:雪儿江村