编曲 : 热振·格桑/极地音符发布
གཡང་གླུ།
ཚིག གངས་དབང་།
དབྱངས། དོན་ཡོད་དོན་གྲུབ།
གཞས་པ། རྭ་སྒྲེང་སྐལ་བཟང་། པིར་འཛིན་པདྨ།
དྲྭ་ལམ་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
ཨ་སྔོན་མཐོན་པོ་ཉི་ཟླ་འཛོམས་ས་རེད།
རི་མགོ་མཐོན་པོ་ལྷ་བསང་གཏོང་ས་རེད།
གནམ་ལ་ཐང་དཀར་རྒོད་པོ་ལྷ་རྒྱལ་ལོ།
རི་ལ་ལ་བཙས་དཀར་པོ་གཡང་འཁོར་ཤོག
ཨ་སྔོན་མཐོན་པོ་ཉི་ཟླ་འཛོམས་ས་རེད།
རི་མགོ་མཐོན་པོ་ལྷ་བསང་གཏོང་ས་རེད།
གནམ་ལ་ཐང་དཀར་རྒོད་པོ་ལྷ་རྒྱལ་ལོ།
རི་ལ་ལ་བཙས་དཀར་པོ་གཡང་འཁོར་ཤོག
གཡང་འཁོར་ཤོག
གཡང་འཁོར་ཤོག
བཀྲ་ལ་ཤིས་པའི་གཡང་འཁོར་ཤོག
ལྷ་རྒྱལ་ལོ།
ལྷ་རྒྱལ་ལོ།
ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ།
ས་ཆ་ཡག་མོ་སྤུན་ཟླ་འཛོམས་ས་རེད།
གཙང་ཆུ་རིང་མོ་རྒྱང་གླུ་ལེན་ས་རེད།
ས་ལ་བུ་དང་བུ་མོ་ལྷ་རྒྱལ་ལོ།
ཆུ་ལ་ཟམ་པ་ཡག་མོ་གཡང་འཁོར་ཤོག
ས་ཆ་ཡག་མོ་སྤུན་ཟླ་འཛོམས་ས་རེད།
གཙང་ཆུ་རིང་མོ་རྒྱང་གླུ་ལེན་ས་རེད།
ས་ལ་བུ་དང་བུ་མོ་ལྷ་རྒྱལ་ལོ།
ཆུ་ལ་ཟམ་པ་ཡག་མོ་གཡང་འཁོར་ཤོག
གཡང་འཁོར་ཤོག
གཡང་འཁོར་ཤོག
བཀྲ་ཤིས་པའི་ཡང་འཁོར་ཤོག
ལྷ་རྒྱལ་ལོ།
ལྷ་རྒྱལ་ལོ།
ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ།