作词 : 西藏病人
作曲 : 西藏病人
编曲 : 西藏病人
གཉིད་མི་ཡོང་བའི་དབྱར་ཁ།,
ཕྱི་རོལ་གྱི་སྲང་ལམ་དུ,
ཆར་བ་ནི་ཟམ་ཟིམ་འབབ,
ནམ་གུང་གི་ཧབ་ཆ་བཞིན,
འབྲུག་སྒྲའང་མཚམས་རེར་གྲག,
ཟླ་བདུན་པའི་ཟླ་དཀྱིལ་དུ,
ཐག་རིང་ལ་འགྲོ་དགོས་ཨང,
ཐག་རིང་ལ་བུད་སོང་ཚེ,
རང་ཡུལ་ལ་ལོག་དཀའ་ཨང,
ཕ་མ་མེད་པའི་ཕ་ཡུལ་རི་ཆུ་འཁྱགས་པ་ཡིན,
རྫི་གླུ་མེད་པའི་སྤང་ལྗོངས་གནམ་ས་སྟོང་བ་ཡིན,
སྔོན་ཆད་ང་རང་བདག་པོ་ད་ལྟ་མགྲོན་པོ་ཡིན,
ཡུལ་ལ་ལོག་པའི་སྒོ་ཁར་ཆོག་མཆན་ཞུ་དགོས་འདུག,
གོ་དགུ་ལོའི་ད་ཚོད་ལ,
ཁྱོད་མོ་ལ་བཅོ་བརྒྱད་ཡིན,
མིག་མདངས་ལ་ཕ་ལམ་སྐུང,
མཛེས་མཛུམ་ལ་ཉི་ཟླ་ཚེས,
ཟླ་བདུན་པའི་ཟླ་དཀྱིལ་དུ,
ཐག་རིང་ལ་འགྲོ་དགོས་ཨང,
ཐག་རིང་ལ་བུད་སོང་ཚེ,
ཁྱོད་རང་ལ་འཕྲད་དཀའ་ཨང,
རྨ་བོད་སློབ་འབྲིང་ནང་གི་ལུས་རྩལ་ར་བ་ནས,
ནམ་རྒྱུན་ཆར་བ་འབབ་པའི་དབྱར་ཁ་དེར་འགྲོ་ཐུབ་ཚེ,
ང་ཡིས་ཁྱོད་ལ་གཤམ་གྱི་ཚིག་འདི་དག་བསྐུར་འདོད་དེ,
ཁྱོད་ང་ལ་ཇི་ལྟར་དགའ་སྟེ་ང་རང་ཉིད་ལའང་སུན,
ཟླ་བདུན་པ་ནི་ཁ་འབྲལ་བའི་དུས་ཚིགས་ཏེ,
མདང་ནུབ་ཀྱི་ཆར་བ་ཉིན་གུང་བར་འབབ,
ད་ནི་སྐྱོ་སྣང་མེད་ལ་དགའ་སྣང་ཡང་མེད,
བརྩེ་དུང་གི་མཇུག་འབྲས་ནི་ཆེས་ཞིམ་པའི་སྐྱུར་སྣང་དང་,
ཁེར་རྐྱང་གི་ཚོར་བ་ནི་ཆེས་ལྕི་བའི་ཡང་སྣང་དེའོ།།,