作词 : 隆康米久
作曲 : 日珠
ཕ་མའི་བཀའ་དྲིན།
འགྲེམ་སྤེལ། ལྷག་པ་བཀྲ་ཤིས།
དྲིན་གྱི་སྐྱོང་བའི་ཡབ་ཡུམ་ལགས།
བུ་མོའི་མཆེད་དུ་འོ་རྒྱལ་སོང་།
མརྫེས་པའི་ལངས་ཚོའི་མེ་ཏོག་འདི།
བུ་མོའི་མཆེད་དུ་སྐྱེས་སུ་འཕུལ།
ཚེ་གང་དཀའ་བ་ཁྱད་སད་གྱི
བུ་མོ་བྱམས་དང་བརྩེ་བའི་བསྐྱངས།
ང་ཡི་ཆེད་དུ་སྐུ་ལུས་ཉམས།
དབུ་བསྐྲ་དཀར་བའི་ཡིད་རེ་སྐྱོ།
མརྫེས་པའི་ལངས་ཚོའི་མེ་ཏོག་འདི།
བུ་མོའི་མཆེད་དུ་སྐྱེས་སུ་འཕུལ།
བཟས་ལ་ཞིམ་པ་བདག་ལ་གནང།
གོས་ལ་འཇམ་པ་བདག་ལ་གཡོག
བཀའ་དྲིན་ཆེ་བའི་ཡབ་ཡུམ་གཉིས།
བུ་མོའི་མཆེད་དུ་འོ་རྒྱལ་སོང་།
ཐམ་བཅད་མཁྱེན་པའི་སངས་རྒྱས་ལགས།
ཐུགས་བརྗེ་སྤྱན་གྱི་གཟིགས་གནང་ནས།
བདག་གི་ཡབ་ཡུམ་ཁོང་གཉིས་ལ།
སྐུ་ཚེ་བར་ཆད་མེད་པ་སྨོན།
བདག་གི་ཡབ་ཡུམ་ཁོང་གཉིས་ལ།
སྐུ་ཚེ་བར་ཆད་མེད་པ་སྨོན།
བདག་གི་ཡབ་ཡུམ་ཁོང་གཉིས་ལ།
སྐུ་ཚེ་བར་ཆད་མེད་པ་སྨོན།
སྐུ་ཚེ་བར་ཆད་མེད་པ་སྨོན།
སྐུ་ཚེ་བར་ཆད་མེད་པ་སྨོན།
སྐུ་ཚེ་བར་ཆད་མེད་པ་སྨོན།