作曲 : 才本加
编曲 : 才本加
ཁྱོད་དང་ལན་གཅིག་དང་འཕྲད་ན་བསམ།
དབྱངས།ཚེ་འབུམ་རྒྱལ།
ཚིག འབྲོག་སྐྱ་བོ།
གཞས་པ།ཚེ་འབུམ་རྒྱལ།
རོལ་མོ།ཚེ་འབུམ་རྒྱལ། དཀོན་མཆོག་ཡར་འཕེལ།
སྒྲ་ཕབ།ཆོས་སྐྱོང་རྒྱལ།
སྒྲ་ཞིབ་སྦྱོར།ཤེར་བྷ།
གྲོང་ཁྱེར་འདི་ཡི་འུར་ལ་འཇགས་པ་མེད། །
ཁྱོད་ཉིད་དྲན་པའི་སེམས་ཉིད་བདེ་ཐབས་བྲལ། །
འུ་གཉིས་གནམ་འོག་གཅིག་ཏུ་ཡོད་ན་ཡང་། །
ས་ཆ་གཉིས་ནས་མི་ཚེ་སྐྱེལ་དགོས་བྱུང་། །
མི་ཚོགས་འཚུབ་སྐོར་རྒྱག་སའི་སྲང་འདི་ནས། །
ཁྱོད་ཉིད་ད་རུང་ལན་གཅིག་མཐོང་ན་བསམ། །
ལན་གཅིག་མཐོང་ཡང་ཡོང་རྒྱུ་མི་འདུག་མོད། །
གཅེས་པའི་མིག་གིས་ལན་གཅིག་བལྟ་ན་འདོད། །
ང་རང་ཁང་སྟོང་ཞིག་ཏུ་གཅིག་པུར་ལུས། །
ཁྱོད་ཉིད་དྲན་པས་མཚན་མོ་འཁྱོལ་ཐབས་བྲལ། །
འུ་གཉིས་ས་ཆ་གཅིག་ཏུ་ཡོད་ན་ཡང་། །
རང་རང་ས་ནས་འཚོ་བ་སྐྱེལ་དགོས་བྱུང་། །
གཉིད་མ་སད་ཀྱིས་བཏང་བའི་རྨི་ལམ་དུ། །
ཁྱོད་ལ་ད་དུང་ལན་གཅིག་འཕྲད་ན་བསམ། །
ལན་གཅིག་འཕྲད་ཀྱང་ཡོང་རྒྱུ་མི་འདུག་མོད། །