作词 : 民间
作曲 : 民间
编曲 : 绒莫阿初
录音合成:绒莫阿初
弦子:绒莫阿初
རྒྱ་གར་རྡོ་དང་རྡོ་གཅིག
རྒྱ་ནག་རྡོ་དང་རྡོ་གཉིས།
བལ་པོ་རྡོ་དང་རྡོ་གསུམ།
རྡོ་གསུམ་སྐྱེས་ས་མི་གཅིག
ལ་དང་ལུང་པ་ཁ་ཁ།
ལ་དང་ལུང་པ་ཁ་ཁ།
རྡོ་གསུམ་འཛོམས་ས་ཡག་བྱུང་།
བསམ་ཡས་རྡོ་གཅལ་ཁྲ་མོ།
བསམ་ཡས་རྡོ་གཅལ་ཁྲ་མོ།
བསམ་ཡས་རྡོ་གཅལ་མིན་ན།
རྡོ་མསུམ་འཛོམས་ས་མ་རེད།
རྡོ་མསུམ་འཛོམས་ས་མ་རེད།
རྒྱ་གར་ཤིང་དང་ཤིང་གཅིག
རྒྱ་ནག་ཤིང་དང་ཤིང་གཉིས།
བལ་པོ་ཤིང་དང་ཤིང་གསུམ།
ཤིང་གསུམ་སྐྱེས་ས་མི་གཅིག
ལ་དང་ལུང་པ་ཁ་ཁ།
ལ་དང་ལུང་པ་ཁ་ཁ།
ཤིང་གསུམ་འཛོམས་ས་ཡག་བྱུང་།
བསམ་ཡས་ལྷ་ཁང་ཁྲ་མོ།
བསམ་ཡས་ལྷ་ཁང་ཁྲ་མོ།
བསམ་ཡས་ལྷ་ཁང་མིན་ན།
ཤིང་གསུམ་འཛོམས་ས་མ་རེད།
ཤིང་གསུམ་འཛོམས་ས་མ་རེད།
རྒྱ་གར་ཆུ་དང་ཆུ་གཅིག
རྒྱ་ནག་ཆུ་དང་ཆུ་གཉིས།
བལ་པོ་ཆུ་དང་ཆུ་གསུམ།
ཆུ་གསུམ་སྐྱེས་ས་མི་གཅིག
ལ་དང་ལུང་པ་ཁ་ཁ།
ལ་དང་ལུང་པ་ཁ་ཁ།